R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 73b
[B:73b] ཆོས་ལ་ཡང་དག་སྤྱོད་པར་ཤོག ཅེས་བྱ་བ་ལ་སོགས་པ་རྒྱུད་བླའི་འགྲེལ་བཤད་དེ་ཁོ་ན་ཉིད་རབ་ཏུ་གསལ་བའི་མེ་ལོང་གི་མཇུག་ཏུ་དགེ་བ་བསྔོས་པ་ལྟ་བུའོ། ལོ་དེ་ཉིད་ཀྱི་
སྤྱི་ལོ་1481
ཟླ་བ་བཅུ་པའི་སྒང་ནས་གསོལ་དང་ཅུང་ཟད་འགྲིབ་པ་དང་། མགུར་གློ་མང་ཙམ་མ་གཏོགས་བསྙེལ་བ་མེད་ནའང་། ཐུགས་དམ་གྱི་ལྟས་ཞིང་གཞན་དུ་དགོངས་པ་གཏད་པའི་མཚན་མ་བྱུང་ཚུལ་བཀའ་ཤོག ཆོས་ཀྱི་རྒྱལ་པོ་སྤྱན་སྔ་གོང་མ་ཆེན་པོའི་དྲུང་དང་། སྟག་ལུང་རིན་པོ་ཆེ་ཀུན་མཁྱེན་ངག་གི་དབང་པོ་དང་། ཆོས་ཀྱི་རྗེ་ལོ་ཆེན་གྱི་ཞལ་སྔ་ནས་ལ་གནང་བ་དང་། བདག་ལྷོ་རྒྱུད་དུ་ཙ་རི་ཏྲའི་གནས་ནང་ནས་འཁོར་ཏེ། ཆོས་རྒྱལ་ལྷུན་པོར་ཡོང་དུས་ཕེབས་པས། ཞལ་སློབ་མཆོག་དམན་བར་མ་མཐའ་དག་གིས་སོ་སོར་ཆོས་སྡེ་ཐ་དད་དུ་སྐུ་རིམ་རྒྱ་ཆེན་པོ་བསྒྲུབ་ཅིང་གསོལ་བ་བཏབ་ཀྱང་། མཚན་ལྟས་བཟང་པོ་མ་བྱུང་བ་ལྟར། ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ལ། ཞི་བ་ཆེན་པོའི་དབྱིངས་སུ་སྙོམས་པར་ཞུགས་པ་ནས། ཇི་སྲིད་ཐུགས་དམ་མ་གྲོལ་གྱི་བར་དུ་ནམ་མཁའ་ཤིན་དུ་འཇམ་པ་ཉིན་མཚན་ཐམས་ཅད་དུ་བྱུང་ལ། སློབ་དཔོན་རིན་པོ་ཆེ་གཞོན་ནུ་[A:174]དབང་ཕྱུག་དང་། སློབ་དཔོན་སྨོན་ལམ་གྲགས་པ་གཙོ་བོར་གྱུར་པའི་དམ་ཚིག་རྣམ་པར་དག་པ་རྣམས་ཀྱིས་མཆོད་ཅིང་། ཟླ་བ་བཅུ་གཉིས་པ་ལ། རྩེས་ཐང་གི་གྲ་ས་ཆེན་པོ་སོགས་སུ། སྤྱན་སྔ་གོང་མ་ཆེན་པོ་དང་། ཆོས་ཀྱི་རྗེ་ལོ་ཆེན་ཞབས་ཀྱིས། རྗེ་དེ་ཉིད་ཀྱི་དགོངས་རྫོགས་ཀྱི་འགྱེད་ཆེན་པོ་དང་། གདུང་མཆོད་རྒྱ་ཆེར་མཛད་ཅིང་། བདག་གིས་ཀྱང་ཚེས་བཅུའི་སྔ་དྲོ་དགེ་འདུན་ལྔ་སྟོང་ཙམ་ལ་འགྱེད་ཅི་འབྱོར་པ་བཤམས་ཏེ། ཕྱི་དྲོ་སྐུ་གདུང་རིན་པོ་ཆེ་གོས་དར་གྱི་ན་བཟའ་དང་བཅས་པ་ཟངས་གསེར་ལས་གྲུབ་པའི་མཆོད་རྟེན་དུ་བཞུགས་སུ་གསོལ་ནས། སྐུ་ཚད་དང་མཉམ་པའི་གཟིམས་མལ་དུ་བཞུགས་པའི་མཁར་བ་ལས་གྲུབ་པའི་སྐུ་འདྲ། ཡང་དགོན་གྱི་རྒྱབ་ཏུ་ཕྱི་རྟེན་ཡེ་ཤེས་མཆོད་རྟེན་ཚད་ཆེབ་བཞེངས་པ། སློབ་དཔོན་སྨོན་ལམ་གྲགས་པས་དོ་དམ་བགྱིས་ཤིང་། ཆོས་ཀྱི་རྒྱལ་པོ་སྤྱན་སྔ་གོང་མ་ཆེན་པོས། གཙུག་ལག་ཁང་དུ་ནང་རྟེན་རྗེ་བཙུན་བྱམས་པའི་སྐུ་ལི་མ་བཞེངས་པ་རྣམས་ཀྱི་རབ་ཏུ་གནས་པའང་གྲུབ་བོ། དེ་ནས་ཆུ་ཕོ་བྱི་བའི་ལོ་ཟླ་བ་གསུམ་