R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 74a
[B:74a] པའི་ཚེས་བརྒྱད་ཀྱི་སྲེད་སྐུ་གདུང་རིན་པོ་ཆེ་ངོ་མཚར་བའི་ལྟས་དང་བཅས་ཏེ་མངོན་པར་སྦྱངས་ཤིང་། གདུང་རིང་སྲེལ་གྱི་ཚོགས་ཕལ་ཆེར་དད་པ་དང་ལྡན་པ་རྣམས་ཀྱི་མཆོད་པའི་རྟེན་དུ་གྱུར་ལ། གདུང་ཚ་མང་པོ་སྔར་མལ་བཞུགས་པ་དང་། ཁྱད་པར་དུ་ཞལ་ཀོ་གདན་ས་ཆེན་པོ་ཐེལགྱི་རྟེན་གྱི་ཁྲོད་དང་། དབུ་ཐོད་རིལ་པོ་དགའ་ལྡན་མ་མོའི་ལྷ་ཆེན་གྱི་ཐུགས་ཀར་བཞུགས་སོ། མཚུངས་པ་མེད་པའི་དཔལ་ལྡན་བླ་མ་མཆོག་གི་རྣམ་ཐར་ནི། བདག་གིས་བསྐུལ་ནས་སློབ་དཔོན་སྨོན་ལམ་གྲགས་པས་ལེགས་སྦྱར་བ། དེ་ལ་གཞི་བྱས་སྒྲོ་བསྐུར་བྲལ་ཞིང་གསལ་བར་བཀོད་པའི་དགེས། སྐྱེ་བ་ཀུན་དུ་མགོན་པོ་དེ་ཡིས་རྗེས་སུ་འཛིན་གྱུར་ཅིག བླ་མ་རྣམས་ཀྱི་ལོ་རྒྱུས་ཇི་སྙེད་པ། [A:175]སྒྲོ་འདོགས་ཚིག་རྒྱན་བརྩོམ་ལ་མི་དགྱེས་ཤིང་། རང་བབས་དངོས་གནས་བརྗོད་ལ་བསྔགས་མཛད་པས། དགོངས་པ་ཉིད་ལས་གཞན་དུ་མ་སྤོས་སོ། ཡོན་ཏན་མང་པོ་རང་གིས་བསྒྲགས་སོ་ཞེས། སྙིགས་དུས་ལོག་རྟོག་ཅན་ལ་སྦེད་དགོས་པའང་། འདི་ན་ཅུང་ཟད་གསལ་བར་སྨོས་པ་ལ། མངོན་པར་དད་རྣམས་སྐལ་བ་བཟང་བ་ཡིན། དཔལ་ལྡན་བླ་མ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ་ཞེས་བྱ་བ། རྗེ་བཙུན་དེ་ཉིད་ཞི་བར་གཤེགས་ནས་ལོ་གྲངས་སུམ་བཅུ་སོ་བདུན་ལ་བབས་པ། མེ་མོ་གླང་གི་ལོ་
1517་ལོ
ཟླ་བ་བཞི་པའི་ཚེས་བཅུ་དྲུག་གི་སྔ་དྲོའི་དུས་དགེ་བ་ལ། ཤཱཀྱའི་དགེ་སློང་ཆོས་ཀྱི་གྲགས་པས། དཔལ་བདེ་ཆེན་ཡངས་པ་ཅན་གྱི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་རིན་ཆེན་བཀྲ་ཤིས་ཞེས་བྱ་བས་བགྱིས་ཏེ་གྲུབ་པ། ཕྱོགས་དུས་ཀུན་ཏུ་དགེ་ལེགས་འཕེལ་བར་གྱུར་ཅིག།། །།