R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 1b
[B:1b]༡ མཆོད་པར་བརྗོད་པ་དང་མཚམས་སྦྱོར་བ། ཐུགས་རྗེ་མཚུངས་པ་མེད་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། སྔོན་གྱི་བསྐལ་པ་མང་པོར་རླབས་ཆེན་ཚོགས་གཉིས་སྤྱོད་པ་དུ་མ་སྤྱད་པ་ལས། སྐུ་ཚེ་འདིར་ཡང་གཞོན་ནུ་ཉིད་ནས་བྱང་ཆུབ་སེམས་དཔའི་རིགས་ཀྱི་རྟགས་རྣམས་དང་། སྐྱེ་བས་ཐོབ་པའི་མཁྱེན་རབ་ཕུལ་བྱུང་ལྡོག་པ་མེད་པའི་བརྩོན་འགྲུས་ཕུན་ཚོགས་པས། སྙིགས་མའི་དུས་སུ་ཐུབ་དབང་བསྟན་པ་ཡོངས་སུ་རྫོགས་པའི་དཔལ་མངའ་ལ་ཕྱག་འཚལ། གང་གི་མཁྱེན་པས་གསུང་རབ་དགོངས་འགྲེལ་དང་བཅས་ཕྱོགས་འདིར་བཞུགས་རྣམས་ཀུན་མཁྱེན་ནས། གཞན་ལ་བརྩེ་བས་ལེགས་བཤད་མཐའ་དག་དཔེ་འཁྱུད་མེད་པར་བརྩེ་བའི་དགོངས་པས་རྗེས་སུ་སྟོན། རྒྱལ་བའི་འཕྲིན་ལས་འཕེལ་བ་ལ་དགྱེས་མདོ་སྔགས་བརྩོམ་པའི་འཕྲིན་ལས་རྨད་དུ་བྱུང་། མཆོག་གི་བླ་མ་ལུང་རྟོགས་ཡོན་ཏན་ཁུར་གྱིས་ལྕི་བས་བླ་མའི་བླ་མར་འདུད། རྗེ་བཙུན་རྣམ་ཐར་བསམ་གྱིས་མི་ཁྱབ་པའི། རིན་ཆེན་ལྗོན་པ་མདོར་བསྟན་ཡལ་ག་[A:2]རྣམས། རྒྱལ་བཤད་འདབ་མ་འབྲས་བཟང་དུ་མས་མཛེས། དད་མོས་ས་ཆེན་སྤོ་ལས་མངོན་པར་འཁྲུངས། དེ་ཡང་བདག་ཅག་གིས་ཡོངས་སུ་འཛིན་པ་ཆེན་པོ་དེ་ནི། སྐུའི་སྐྱེ་བ་སྔ་མ་མང་པོར་རླབས་ཆེའི་སྤྱོད་པ་རབ་ཏུ་སྤྱད་པ། སྐུའི་སྐྱེ་བ་འདིར་ཡང་ཁ་ན་མ་ཐོ་བ་མེད་པའི་རིགས་སུ་འཁྲུངས་པ། རྒྱལ་བ་རྣམས་ཀྱི་རྗེས་སུ་ཞུགས་པ་ཡོངས་སུ་རྫོགས་པ། སྔོན་གྱི་དགེ་བའི་