R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༥ན
[A:༦༣༥ན]གོམས་པའི་ལྷག་བསམ་དང་། ། ཆོས་ཀུན་བདེན་མེད་རྟོགས་པའི་དཔའ་གདེང་གིས། ། ལུས་སྲོག་ལོངས་སྤྱོད་གང་ལའང་མ་ཞེན་པར། ། བསྟན་འགྲོའི་དོན་ཆེན་སྒྲུབ་པར་བྱིན་གྱིས་རློབས། ། མདོར་ན་དེང་ནས་བྱང་ཆེན་མ་ཐོབ་བར། ། མཚན་ལྡན་དམ་པའི་མགོན་གྱིས་རྗེས་བཟུང་སྟེ། ། ཕྱི་ནས་ཤེས་བྱའི་དེ་ཉིད་ལེགས་རྟོགས་ནས། ། རབ་འབྱམས་གཞུང་ལ་སྤོབས་པ་དགེ་བ་དང་། ། དྲག་ལ་རྒྱུན་མི་ཆད་པའི་བརྩོན་འགྲུས་ཀྱིས། ། ལམ་མཆོག་སྒྲུབ་པར་ནམ་ཡང་མི་གཡེལ་བས། ། ཏིང་འཛིན་གཟུངས་སྤོབས་མངོན་པར་ཤེས་ལ་སོགས། ། ལམ་གྱི་ཡོན་ཏན་མཐའ་དག་མངོན་གྱུར་ཅིང། ། ལྷག་བསམ་སྙིང་སྟོབས་གོ་ཆ་བཙན་པོ་ཡིས། ། སྐལ་བ་དང་མཐུན་ཟབ་རྒྱས་ཆོས་བསྟན་ནས། ། འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་པ་སོགས། ། རང་གཞན་