R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༦༣༥བ
[A:༦༣༥བ]དོན་ཆེན་བསྒྲུབ་ནུས་བྱིན་གྱིས་རློབས། །༡༡ ཐུབ་དབང་འགྲོ་བའི་ཟླ་བའི་བདུད་བཞི་ལས་རྒྱལ་བསྟན་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེང་གྱུར་ཅིག ། མཆོག་གི་རྗེས་ཞུགས་འཕགས་བོད་མཁས་དང་གྲུབ་པའི་བཀའ་སྲོལ་དྲི་མེད་ཕྱོགས་དུས་ཀུན་ཏུ་རྒྱས་གྱུར་ཅིག ། དེ་འཛིན་ཞབས་བརྟན་དགེ་འདུན་སྡེ་འཕེལ་མཐུན་རྐྱེན་ལེགས་ཚང་མཁས་ཚུལ་དགུ་ཡི་ཕྲིན་ལས་རྒྱས་གྱུར་ཅིག ། འགྲོ་ཀུན་དགེ་བཅུའི་དཔལ་གྱིས་བདེ་སྐྱིད་རྫོགས་ལྡན་ལ་འགྲན་ཆོས་མཐུན་བསམ་པ་གེགས་མེད་འགྲུབ་གྱུར་ཅིག ། ༡༢ ཁྱད་པར་ས་སྐྱའི་རྗེ་བཙུན་ཡབ་སྲས་བརྒྱུད་པར་བཅས་རྣམས་དང་། ། དྲིན་ཅན་བླ་མ་རྣམས་ཀྱི་ཟབ་དགོངས་ཡོངས་སུ་རྫོགས་པ་ཡིས། ། མར་གྱུར་