R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A):
[A:༡]དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ཞལ་སྐོང་བཅས་བསྡོམས་ཤིང་ལྷག་པར་དུས་མཆོད་བླ་བྲང་པའི་གདུང་རབས་ཁ་ཡོད་ལག་ཡོད་དུ་བགྲངས་པ་གདན་རབས་བཅས་ཀྱི་ལོ་རྒྱུས་ངོ་མཚར་སྲིད་ན་འགྲན་བྲལ་བཞུགས། བཤད་པར་དམ་བཅའ་བ། ན་མོ་གུ་རུ་ཏྲི་ཀུ་ལ་ནཱ་ཐཱ་ཡ།
མཁྱེན་བརྩེ་ནུས་ལྡན་རྒྱལ་སྲས་རིགས་གསུམ་མགོན། འོད་གསལ་ལྷ་དང་འཁོན་སྟོན་ས་སྐྱ་པ། རབ་སྙན་མཚན་འཆང་གདུང་རབས་མཁས་གྲུབ་ལ། གུས་པས་ཕྱག་འཚལ་སྙིང་པོའི་རྣམ་བཞག་བྲི།