[A:༡]དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་ཞལ་སྐོང་བཅས་བསྡོམས་ཤིང་ལྷག་པར་དུས་མཆོད་བླ་བྲང་པའི་གདུང་རབས་ཁ་ཡོད་ལག་ཡོད་དུ་བགྲངས་པ་གདན་རབས་བཅས་ཀྱི་ལོ་རྒྱུས་ངོ་མཚར་སྲིད་ན་འགྲན་བྲལ་བཞུགས།
བཤད་པར་དམ་བཅའ་བ།
ན་མོ་གུ་རུ་ཏྲི་ཀུ་ལ་ནཱ་ཐཱ་ཡ།
མཁྱེན་བརྩེ་ནུས་ལྡན་རྒྱལ་སྲས་རིགས་གསུམ་མགོན།
འོད་གསལ་ལྷ་དང་འཁོན་སྟོན་ས་སྐྱ་པ།
རབ་སྙན་མཚན་འཆང་གདུང་རབས་མཁས་གྲུབ་ལ།
གུས་པས་ཕྱག་འཚལ་སྙིང་པོའི་རྣམ་བཞག་བྲི།