R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): i-༡
[A:i-༡]གསལ་གསལ། རབ་བྱུང་དང་པོའི་ཆུ་གླང་ལོར་(༡༠༧༣)འཁོན་དཀོན་ཅོག་རྒྱལ་པོས་གཙང་དཔོན་པོའི་རི་ལ་སྒོ་རུམ་གཟིམ་སྤྱིལ་དཀར་པོ་བཏབ་ནས་བཟུང་དཔལ་ལྡན་ས་སྐྱ་ཞེས་པའི་གྲུབ་ རབ་བྱུང་དང་མཐའ་འདི་བྱུང་པ་རེད། ས་སྐྱ་ནི་ཕྱིས་བྱོན་གྱི་གྲུབ་མཐའ་མང་པོ་ཞིག་གི་རྩ་བ་ཡིན་ཏེ། ཉ་དབོན་ནས་བརྒྱུད་པ་ལ་དོལ་བུ་པའི་ལུགས་དང། རེད་མདའ་བ་ནས་བརྒྱུད་པ་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་ལུགས། གཞན་ཡང་ངོར་པ་དང་ཚར་པའི་ལུགས་སོགས་ཚང་མ་ས་སྐྱའི་ཡན་ལག་དང་ཉིང་ལག་གི་ཚུལ་དུ་བྱུང་བ་ཤ་སྟག་ཡིན། དཔལ་ལྡན་ས་སྐྱའི་གདན་ས་ནི། ཡང་སྲིད་ཀྱིས་བརྒྱུད་འཛིན་བྱེད་པ་མིན་པར། གདུང་རབས་ཀྱིས་བརྒྱུད་འཛིན་བྱེད་པ་རེད། དེའི་ཕྱིར་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་བར་ལོ་བརྒྱད་བརྒྱ་བརྒྱད་ཅུ་གྱ་དྲུག་རིང་(༡༠༧༣ ནས་ ༡༩༥༩)མུ་མཐུད་དེ་