R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): i-༢
[A: i-༢]གནས་ཡོད་པས། གདུང་རབས་ཀྱི་ཡིག་ཆ་དེ་དག་ཏུ་དངོས་སམ་བརྒྱུད་པའི་སྒོ་ནས་བོད་ཀྱི་རིག་གནས་དང། ཆབ་སྲིད། ཆོས་ལུགས་བཅས་ཀྱི་ལོ་རྒྱུས་དང། ཡོན་རྒྱལ་རབས་ནས་གོ་མིན་ཏང་གི་བར་བོད་དང་མེས་རྒྱལ་ནང་ཁུལ་གྱི་འབྲེལ་བ་བཅས་གསལ་བར་འཁོད་ཡོད། དེའི་ཕྱིར་གདུང་རབས་ཀྱི་ཡིག་ཆ་འདི་དག་ནི་དཔྱད་གཞིའི་ཡིག་ཆ་གལ་གནད་ཤིན་ཏུ་ཆེ་བ་ཤ་སྟག་ཡིན། ས་སྐྱའི་གདུང་རབས་རྒྱས་བསྡུས་སྣ་ཚོགས་ཡོད་ཀྱང། གཙོ་བོ་ཨ་མེས་ཞབས་ཀྱི་《གདུང་རབས་ངོ་མཚར་བང་མཛོད》ནང་འཁོན་དཀོན་མཆོག་རྒྱལ་པོ་ནས་ཨ་མེས་བར་(༡༠༧༣ ནས་ ༡༦༥༡)བཀོད་པ་དང། ཀུན་དགའ་བློ་གྲོས་ཀྱི་《གདུང་རབས་རིན་ཆེན་འཛད་མེད་སྲིད་ཞིའི་ཡོན་ཏན་ལྷུན་གྲུབ》ནང་རྩེ་གདོང་གདུང་རབས་ནས་མཐུ་སྟོབས་དབང་ཕྱུག་གཞོན་ནུའི་བར(༡༦༥༡ ནས་ ༡༧༢༩)བཀོད། 《གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ》འདིའི་རྩོམ་པ་པོ་ནི། ས་སྐྱ་ཀུན་དགའ་སྙིང་པོ་ལ་སྲས་བཞི་དང། སྲན་མོ་གཉིས་ཡོད་པའི་ནང་གི་ཆེ་ཤོས་དྲག་ཤུལ་འཕྲིན་ལས་རིན་ཆེན་ཡིན་ལ། རབ་བྱུང་བཅོ་ལྔ་པའི་ལྕགས་མོ་ལུག(༡༨༧༡)ལ་འཁྲུངས།