R93: ས་སྐྱའི་གདུང་རབས་ངོ་མཚར་རིན་ཆེན་ཀུན་འཕེལ།

  • Pagination (Witness A): ༨༦༣
[A:༨༦༣]དུ་དུས་འཁོར་དར་བ་དང་དུས་མཉམ་རབ་བྱུང་མེ་ཡོས་སོགས་དྲུག་ཅུ་སྐོར་བརྩིས་པའི་རབ་བྱུང་དང་པོའི་ཆུ་གླང་ལོ། དཔལ་ལྡན་ས་སྐྱའི་ཐོག་མ་སྒོ་རུམ་གཟིམ་སྤྱི་དཀར་པོ་བཏབ་པ་ནས། ལོ་གྲངས་བརྒྱད་བརྒྱ་དང་ལྔ་བཅུ་དགུ་ལོན་ཞིང་རབ་བྱུང་བཞི་པའི་ས་འབྲུག་ལོ། །སྤྲུལ་པའི་གྷ་ནྷོ་ལ་ལྷ་ཆེན་བཏབ་ནས་ལོ་གྲངས་བདུན་བརྒྱ་དང་ཉེར་བདུན་སོང་ཞིང། སླར་ཡང་སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་གྱིས་རབ་བྱུང་དགུ་པའི་ནང་ས་བསྟན་མེ་རོ་རྨང་ནས་གསོལ་བར་མཛད་ནས་ལོ་གྲངས་བཞིི་བརྒྱ་དང་གསུམ་སོང་། དེང་སྐབས་བསྟན་པ་ལུང་གི་དུས་མངོན་པ་མདོ་སྡེ་སྤྱོད་པའི་དུས་རྣམས་སོང་ནས་འདུལ་བའི་དུས་ནས་ཀྱང་ལོ་དྲུག་ཅུ་རེ་ལྔ་སོང་ཟིན་ནས། རེ་དྲུག་པའི་སྟེང་དུ་སོན་པ། རབ་ལོ་བཅུ་དྲུག་པའི་ནང་ཚན། རྒྱ་གར་ལེགས་སྦྱར་གྱི་སྐད་དུ་ཨངྐི་ར་ཞེས་བྱ་ཞིང། སྟོད་འགྲེལ་བོད་ཀྱི་སྐད་དུ་གོང་བཞིན་དང། རྒྱ་ནག་པ་རྣམས་ཞིན་ཤིང་ཞེས་འབོད་ཅིང་ནག་རྩིས་པ་རྣམས་དབང་ཐང་དང་བསྟུན་པ་ཆུ་ཕོ་སྤྲེའུའི་ལོ་ཧོར་ཟླ་ལྔ་པ་ཕྱི་མའི་ཚེས་གཅིག་ཉིན་རེས་གཟའ་ཟླ་བ་དང། རྒྱུ་སྐར་ལག་འཕྲད་པའི་བདུད་རྩིའི་སྦྱོར་བ། ཉིན་སྟག་རྟེན་འབྲེལ་ཚོར་བ་སྤར་ཁ་ཁམ། སྨེ་བ་གཅིག་དཀར་དབྱངས་ལ་གསལ་བྱེད། འདོད་ཡོན་གཟུགས། དུས་ཚོད་བདུད་རྩ་ཐུན་མཚམས་ཉི་ཤར་སྔ་ཆར། ས་ཚོགས་ཀྱི་དར་པོ་ཆེ་གསེར་ཟངས་ཀྱི་རྒྱལ་མཚན་བཅས་ཉམས་གསོ་གསར་བཞེངས་ལྟ་བུར་ཞུས་པའི་རབ་གནས་རྒྱལ་མཚན་འཛུགས་ཆོག་སོགས་ཞལ་བྲོའི་དགའ་སྟོན་ཕུན་སུམ་ཚོགས་པའི་ཉིན་