R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 185
[A:185] རིགས་ངན་བླུན་པོ་རྣམས་ལ་དེ་ལྟ་ཡིན། ། ཆོས་རྣམས་མ་ལུས་རོ་གཅིག་མངོན་གྱུར་ནས། ། མིང་ཚིག་ཡི་གེའི་ཚགས་དང་རབ་བྲལ་ཡང་། ། བདག་བློ་སིམ་མཛད་དཔལ་ལྡན་བླ་མ་ཡི། ། བཀྲ་ཤིས་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག ། དཀོན་མཆོག་གསུམ་དང་མཚན་བཟང་དཔེ་བྱད་སོགས། ། དུ་མ་རོ་གཅིག་སྐྱབས་གསུམ་དབྱེར་མེད་པའི། ། སྐྱབས་གནས་མཐར་ཐུག་ཡོངས་གྲུབ་དེ་བཞིན་ཉིད། ། བཀྲ་ཤིས་དེས་ཀྱང་དེང་འདིར་བཀྲ་ཤིས་ཤིག ། ཁྲ་བ་མེད་ཀྱང་འཇིགས་རུང་རྡམ་པའི་སྒྲས།། སྡང་བ་མེད་ཀྱང་བདུད་རིགས་ཚར་བཅད་ནས། ། ཆགས་མ་མེད་ཀྱང་རྗེས་འཛིན་བསྲུངས་མ་ཡི། ། བཀྲ་ཤིས་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག ། ཆོས་རྒྱལ་མང་པོས་བཀུར་བའི་གདུང་རབས་ལ་བརྟེན་ནས། བསྟན་འཛིན་གྱི་གང་ཟག་དང་། ཆོས་སྐྱོང་བའི་རྒྱལ་པོ་ཇི་ལྟར་བྱོན་ པའི་དཀར་ཆག་འདི་ནི། མེ་ཕོ་འབྲུག་གི་ལོ་ཆུ་སྟོད་ཀྱི་དཀར་པོའི་ཚེས་ གཉིས་གཟའ་ཕུར་བུ་སྐར་མ་རྒྱལ་ལ་བབ་པའི་ཚེ་རྫོགས་པར་བྲིས་པའི་ ཡི་གེ་པ་ནི་ལྷག་རུ་བ་ཚུལ་རྒྱལ་ལོ། ། གང་ཞིག་ཐོས་པས་ཚིམ་པ་གང་། ། བསྟན་འཛིན་མཛད་པ་ཇི་བཞིན་བསྟན། །