R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 2
[A:2] འགྲོ་མང་དགེ་བཅུའི་ཁྲིམས་ཀྱིས་སྐྱོང་མཛད་པ།། འཁོར་ལོས་སྒྱུར་རྒྱལ་རྣམས་ལའང་རབ་བཏུད་ནས།། འཛམ་བུའི་གླིང་འདིར་ཐུབ་པའིའཕྲིན་ལས་ཀྱིས།། རྒྱལ་དང་རྒྱལ་སྲས་ཆོས་རྒྱལ་རྒྱལ་ཕྲན་དང་།། བསྟན་འཛིན་སྐྱེ་བོའི་འཕྲིན་ལས་མཐའ་ཡས་པ།། ཇི་ལྟར་བྱུང་ཚུལ་མདོ་ཙམ་རྣམ་པར་དབྱེ།། ཡོན་ཏན་ལྷུན་གྲུབ་བསམ་བྱའི་ཡུལ་ལས་འདས།། གཟུགས་སུ་གྲུབ་ན་དབྱིངས་འདིར་མི་ཤོང་བའི།། ངོ་མཚར་རྨད་བྱུང་གྲངས་ལས་འདསཔ་རྣམས།། བདག་བློ་དམན་ཕྱིར་འབྱེད་པའི་སྐབས་མིན་ཡང་།། བསྟན་པའི་ཡོན་ཏན་དྲན་པས་དགའ་ཆེས་ཏེ།། ཆོས་རྒྱལ་མཆོག་དང་བསྟན་འཛིན་ལ་བཏུད་པས།། བདག་ཡིད་སེམས་ཕྱིར་རྟག་པར་བརྩེ་བ་ཡིས།། སྡན་བྱུང་ལོ་རྒྱུས་སྒྲ་ནི་གྲགས་པར་གྱུར།། བཀའ་དྲིན་མཆོག་གྱུར་རྗེད་དུ་འཕངས་པ་རྣམས།། སྙིགས་མའི་དུས་འདིར་ནུབ་པར་མི་འགྱུར་ཞིང་།། འབེལ་བའི་གཏམ་གྱི་དགའ་སྟོན་འགྱེད་པའི་ཕྱིར།། འཕགས་པས་སྐུལ་ཕྱིརམདོ་ཙམ་ཁོ་བོས་བྲིས།། དེ་ལ་འཇིག་རྟེན་གྱི་ཁམས་འདིར་དགེ་ལེགས་འབྱུང་བའི་གཞི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་དབང་