R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༧༥
[A:༧༥]པས་ཕལ་ཆེར་ཀུན་གྱི་སྤྱོད་ཡུལ་དུ་མི་མཛད་པ་ནི་ངེས་པའོ།། དེ་ལྟར་གོང་དུ་བཤད་པ་རྣམས་ཁུངས་དང་འབྲེལ་བའི་ཡིད་ཆེས་གནས་སུ་ཡོད་དོ།། ས་སྐྱ་པ་ཞེས་གྲགས་པའི་སྒྲ་དོན་། རྗེ་བཙུན་རིན་པོ་ཆེ་གྲགས་པའི་ཞལ་སྔ་ནས།། ས་དཀར་པོ་སེངྒེའི་གདོང་པ་འདྲ།། དཔལ་ལྡན་ས་སྐྱ་སེངྒེའི་ལུས།། འགྲོ་དྲུག་གི་བསམ་པ་འགེངས་པ་ཡོད།། རྗེ་རྡོ་རྗེ་འཆང་གི་བཞུགས་གནས་ཡིན།། ཞེས་གསུངས་པ་ལྟར་གནས་ཀྱི་མིང་གང་ཟག་ལ་ཆགས་པ་ཡིན་ནོ།། །།