[B:5b]དུས་སུ། ཡོས་ལོ་ལ་རོང་སྙེ་མོ་ཕྱོགས་སུ་ས་གཡོས་ཆེན་པོ་ཡོང་བ་ཡང་ཐུགས་དམ་གྱི་ལྟས་ལ་གཟིགས། གཞན་ཡང་ཐུགས་དམ་གྱི་གསལ་སྣང་ལ་མང་པོ་ཡོད་པ་འདྲ་ནའང་ང་ལ་མངོན་ཤེས་དང་ནུས་མཐུ་གང་ཡང་མེད་[A:104]གསུངས་ནས་ཞལ་ལྟ་མི་འབྱོན། ངའི་རྣམ་ཐར་བསླབ་གསུམ་གྱིས་མ་གོས་པ་དང་། བླ་མ་དགེ་བའི་བཤེས་གཉེན་ཕུན་སུམ་ཚོགས་པ་མང་པོ་ལ་ཆོས་དང་གདམས་ངག་ཐོབ་ཚད་ཞུས་པ་འདི་ཡིན།
Settling in gTsang
དབུས་ཕྱོགས་སུ་བླ་མ་དགེ་བའི་བཤེས་གཉེན་མི་ཆེན་མང་པོ་ལ་ཆོས་དང་གདམས་ངག་ཟབ་ཅིང་རྒྱ་ཆེ་མང་པོས་ཐུགས་རྒྱུད་ཚིམ་པར་མཛད་ནས་གཙང་ཕྱོགས་ན་ཡར་བྱོན། གཡས་རུ་ཆོས་ལུང་གི་ཆོས་སྡེ་ཆེན་པོའི་གཟིམས་ཁང་བདེ་མཆོག་ཏུ་ཆོས་གཞིས་ཕབ་ནས་བཞུགས། གཞིས་ཁ་བ་དཔོན་ནམ་མཁའ་རྒྱལ་པོས་ཞབས་ཏོགརྟོག་བསྙེན་བཀུརབསྐུར་ཕུན་སུམ་ཚོགས་པ་སྒྲུབས།
བླ་མ་དགེ་བའི་བཤེས་གཉེན་མཁས་བཙུན་བཟང་གསུམ་འཛོམས་པ་མང་པོ་ལ་ཆོས་དང་གདམས་ངག་ཟབ་མོ་གང་ལ་གང་འདོད་གནང་ནས་ཐུགས་རྒྱུད་ཚིམ་པར་མཛད་ནས་ཤིང་ཕོ་སྟག་གི་ལོ་ཧོར་ཟླ་གསུམ་པ་ལྕགས་པོ་ཕོ་རྟའི་ཟླ་བ་དུས་འཁོར་བ་ནག་པའི་ཟླ་བ་སྐར་མ་གྲོ་ཞུན་ཡོད་པའི་ཉིན་བདེ་བར་གཤེགས་པའི་ཚུལ་བསྟན། ངོ་མཚར་བའི་ལྟས་ཁྱད་པར་མང་དུ་བྱུང་། སྐུ་གདུང་ལ་ཞུ་ཕུལ་ནས་ཕྱི་རྟེན་ནང་རྟེན་ཆོས་ལུང་དགོན་