R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 24
[A:24]༄༅། །ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ་བཞུགས་སོ། ། ༄༅། །མཉམ་མེད་མཚུངས་མེད་དཔའ་བོ་ཤཱཀྱ་སེང་གེ་ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ། །དཔེ་མེད་ཟླ་མེད་སྐྱེས་མཆོག་སྨྲ་བའི་སེང་གེ་སངས་རྒྱས་སྟོབས་བཅུ་མངའ་བ་
དགོས་པ་
ཐམས་ཅད་མཁྱེན། །མི་མཆོག་མི་ཕུལ་དྲང་སྲོང་རྒྱལ་བ་སེང་གེ་དགྲ་བཅོམ་འདྲེན་པ་ཐུབ་དབང་རྐང་གཉིས་གཙོ། །འགྲོ་མགོན་འགྲོ་བའི་བླ་མ་མི་ཡི་སེང་གེ་སྟོན་པ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། ༈ ། སྐྱེ་མེད་ཆོས་
གང་གིས་
སྟོན་སྐྱེས་བུ་སྐྱེ་རྒུའི་སྐྱེ་རྒྱུན་སྤང་ཕྱིར་སྐྱེ་བ་སྐྱེ་བར་
ཡུལ་
སེར་སྐྱས་བྱིན་པ་སེར་སྐྱའི་གྲོང་
དང་མ་ག་དྷཱ་ལ་
སོགས་སུ།
གང་
གསུང་དབྱངས་གསུང་གི་སྒྲ་ཡི་སྒྲ་དབྱངས་
གདུལ་བྱ་
དེ་དང་དེ་ལ་
གང་དུ་བཀའ་
མདོ་སྡེར་བདེ་གཤེགས་བདེ་བ་བསྩལ་ཐབས་
ལན་གཅིག་མ་ཡིན་པར་
ཡང་དང་ཡང༌།
ཚུལ་
ཇི་ལྟ་ཇི་ལྟར་གསུངས་པ་དེ་ལྟར་དེ་ལྟར་
གང་གིས་
བདེ་ནས་བདེར་འགྲོ་ཁོ་བོས་
གདུལ་བྱ་
བློ་གསལ་བློ་ཡི་ནོར་ཅན་
རྣམས་གང་
ལ། གང་རྒྱལ་དང་རྒྱལ་བའི་ཆོས་ཀྱི་བྱུང་ཚུལ་རྣམ་པ་སྣ་ཚོགས་
དུས་
ཉིན་དང་ཉིན་ལ་
ཚུལ་
འདི་དང་འདི་ཞེས་ལེགས་གཏམ་ལེགས་བཤད་་
འོ།༈།
སྡོམ་ནི་
གསུམ་སྟེ་
ཆོས་སྡེ་ངོས་གཟུང་དང༌། །བཤད་ཉན་ཚུལ་དང་འབྲས་བུའོ། ༈ །ཆོས་ནི་ལུང་དང་རྟོགས་པ་གཉིས། །ལུང་ཆོས་བཀའ་དང་བསྟན་བཅོས་ཏེ། །བཀའ་ལ་
གསུང་བ་པོའི་
ཆེ་བ་རང་བཞིན་གཉིས། །སྟོན་པའི་ཆེ་བ་རྣམ་གསུམ་སྟེ། །སེམས་