R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 25
[A:25]བསྐྱེད་ཚོགས་བསགས་སངས་རྒྱས་པའོ། ༈ །རང་བཞིན་
ལ་གསུམ་
སྒྲ་བཤད་མཚན་ཉིད་དབྱེ། བསྟན་བཅོས་ཚུལ་ཡང་དེ་དང་མཚུངས། ༈ །རྟོགས་པའི་
ཆོས་
ལམ་དང་འགོག་པ་ཡིན། བཤད་ཚུལ་
ལ་
བཞི་སྟེ་བཤེས་གཉེན་དང༌། སྣོད་རུང་བཤད་ཐབས་འཇུག་ཚུལ་ལོ། ༈ །བཤེས་གཉེན་དོན་ཚུལ་བླ་མར་འོས། ༈ །སྣོད་རུང་ཐོས་དོན་མི་གཉེར་དང༌། ༈ །དོན་མ་ཡིན་དང་དོན་མེད་སྤོང༌། ༈ །བཤད་ཐབས་ཆོས་ནི་ངོས་བཟུང་དང༌། །རྒྱུ་དང་ངོ་བོ་མན་ངག་བཞི། ༈ །འཇུག་ཚུལ་གདུལ་བྱ་དགོས་པ་དང༌། ༈ །འབྲེལ་དང་ཉམས་ལེན་དབང་གིས་བཞི། །མཉམ་ཚུལ་གསུམ་དང་འབྲས་བུ་གསུམ། ༈ །སྤྱིར་རྟོག་ལྡན་འཇུག་པའི་ཡུལ་ལ། ལས་དང༷་འབྲས་བུ་གསུམ་གྱིས་ཁྱབ་པས་འདིར་ཆོས་ཉན་བཤད་ལ་འཇུག་པས་ཀྱང༌། སྤྱི་དོན་གསུམ་དུ་ཤེས་པར་བྱ་སྟེ། གང་བཤད་བྱ་དང་ཉན་བྱའི་ཆོས་ཀྱི་རང་བཞིན་ངོས་གཟུང་བ་དང༌། ཆོས་དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་དང༌། ༈ བཤད་ཉན་བྱས་པའི་འབྲས་བུ་བསམ་པའོ། ༈ །དང་པོ་ལ་གསུམ་སྟེ། ཆོས་ཀྱི་སྒྲ་བཤད་པ་དང༌། སྒྲ་འཇུག་པའི་ཡུལ་དང༌། སྐབས་ཀྱི་ཆོས་ངོས་གཟུང་བའོ། །དང་པོ་ནི་དྷརྨཱ་ཞེས་པའི་དྷ་ར་ན་འཛིན་པར་བྱེད་པའི་དོན་གྱིས་ན་ཆོས་ཞེས་པ་ཡིན་པས་དེ་ལ་གསུམ་སྟེ། གཞི་འཛིན་པ་དང༌། མཚན་ཉིད་འཛིན་པ་དང༌། ལྟུང་བ་ལས་འཛིན་པའོ། །དང་པོ་ནི་ཆོས་ཅན་སྒྲ་ལ་སོགས་པ་ཡིན་ཏེ་ཆོས་མི་རྟག་པ་ལ་སོགས་འཛིན་པའི་ཕྱིར་རོ། །གཉིས་པ་ནི་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཏེ། དེ་ཐམས་ཅད་ཀྱིས་རང་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་སོ། །གསུམ་པ་ནི་དངོས་པོ་འགའ་ཞིག་ཐུར་དུ་ལྟུང་བ་ལྕགས་ཀྱུ་