R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 113
[A:113]ཡིན༑ ༑བདག་བློ་བྱིས་པའི་སྤྱོད་ཡུལ་བས། །ཉེས་གྱུར་མཁས་རྣམས་བཟོད་པར་གསོལ༑ ༑དེ་ལྟའི་བྱུང་ཚུལ་དོན་གསུམ་ལྡན་པ་འདིས། །གང་ཟག་སྐྱོན་ཡོན་རྟོགས་པས་དྲི་མེད་དང༌། །བླང་དོར་
གྱི་དམིགས་པ་
ཤེས་པས་འཇུག་ལྡོག་བདེ་བ་དང་༑ ༑སྦྱོར་དངོས་
རྗེས་གསུམ་ལ་
མཁས་པས་ལམ་དུ་འགྱུར་བའོ།། །། ༈ བཅུ་ཕྲག་བཅུ་
ཚེ་ལོ་བརྒྱ་པའི་དུས་
ལ་བདེ་གཤེགས་ཉི་མའི་དཀྱིལ་འཁོར་རྒྱས༑ ༑ཉི་འོད་འདས་ཚེ་
ཐུབ་པའི་གསུང་རབ་མ་འདས་པས་
གསུང་རབ་བསིལ་ཟེར་བྱེད་པ་ཤར། །བསིལ་ཟེར་འོད་ཀྱིས་དགྲ་བཅོམ་ཀུ་མུད་ཁ་ཕྱེ་སྟེ། །ཀུ་མུད་ཚལ་ན་
ཀླུ་སྒྲུབ་ལ་སོགས་
རྒྱལ་སྲས་རྨ་བྱ་རྩོམ་གར་བྱེད། །གར་གྱིས་སྡེ་སྣོད་པདྨོ་
གོ་སླ་བར་བྱུང་བས་
མཛེས་པའི་སྦྲང་རྩི་སྐྱེད། །སྦྲང་རྩིའི་རོ་ལ་
ལོ་ཙཱ་བས་བསྒྱུར་བས་སོ།།
སྙན་པའི་དྲི་ཞིམ་ཕྱོགས་བཅུར་ལྡང༌། །དྲི་རབ་ཞིམ་ལ་བློ་གསལ་
འབྲེ་དང་ཕྱྭ་གཙང་ལ་སོགས་ཀྱི་
བུང་བ་ལང་ལིང་འཁོར། །བུང་བའི་དར་དིར་
རྩོད་རྩོམ་འཆད་པའི།
སྒྲ་ཡིས་
བདག་གི་
ཚད་མེད་གླང་ཆེན་གཡེང༌། །
གླ
ང་ཆེན་མགོ་ལས་
གཞན་ལ་ཕན་པར་འབྱུང་བས།
ལྷག་བསམ་མྱོས་ཆུའི་ཆར་ཟིལ་འབབ། །ཆར་གྱིས་ལེགས་བཤད་
དུ་མ་ལ་བཤད་པས།གླི
ང་ཕྲན་སྟོང་གི་ཆུ་རྒྱུན་འབེབས། །ཡན་ལག་བརྒྱད་ལྡན་ཆུ་ལས་ཆོས་འབྱུང་རྒྱ་མཚོ་འཁྲུངས། ། ཡིད་འོང་མཚོ་དེ་བློ་གྲོས་ཀླུ་ཡི་དབང་པོས་སྤྲུལ། །
བའི་ཤེས་རབ་ཀྱིས་བྱའོ།། །།
༈ ཚ་ཟེར་སོགས་ཀྱིས་ལེགས་མཆོད་རྒྱལ་བ་ཡིས། །གསུང་ཟེར་འདི་བརྩམས་དགེ་བ་ཀུནྡའི་མདོག །བསིལ་ཟེར་འོད་ཀྱིས་ཉོན་མོངས་གདུང་
འགྲོ་བའི།
བསལ་སྟེ། །འོད་ཟེར་ཕུན་ཚོགས་ཀུན་མཁྱེན་མྱུར་ཐོབ་ཤོག །ཆོས་བཤད་ཉན་ལ་འཇུག་པ་སྤྱིའི་སྒོ། །ཤཱཀྱའི་དགེ་སློང་སྡེ་སྣོད་འཛིན་པ་ས་སྐྱ་པཎྜི་ཏ་
ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ
ས་སྦྱར་བ། རྫོགས་སོ།། །།