R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 114
[A:114] ༈ འདིའི་བརྒྱུད་པ་བཅོམ་ལྡན་འདས། བྱམས་པ། ཐོགས་མེད། དབྱིག་གཉེན༑ འཕགས་པ་གྲོལ་སྡེ། བཙུན་པ་གྲོལ་སྡེ། དུལ་བའི་སྡེ། མཆོག་སྡེ། མཁན་པོ་རྣམ་པར་སྣང་མཛད་བཟང་པོ། སེང་གེ་བཟང་པོ། སངས་རྒྱས་ཡེ་ཤེས་ཞབས༑ གུ་ཎ་མི་ཏྲ། རཏྣ་པར་པ་ཏ། གསེར་གླིང་པ། འབུམ་ཕྲག་གསུམ་པ། རྔོག་བློ་ལྡན་ཤེས་རབ། འབྲེ་ཨར། དོལ་པ་རྡོ་རྗེ་དབང་ཕྱུག རྟག་རྡོ་རྗེ་སེང་གེ་རྒྱལ་མཚན། གྲགས་པ་སེང་གེ དེས་བདག་ལའོ། །སེམས་ཅན་ལ་ཕན་བདེའི་འབྱུང་གནས་སུ་གྱུར་ཅིག
འདི་ཉིད་མ་ཕྱི་གཅིག་ལས་མ་རྙེད་ཅིང༌། དེ་ཡང་ཤིན་ཏུ་མ་དག་པས། ཡིག་ནོར་མངོན་གསལ་ཅན་རྣམས་བཅོས། ཆད་དམ་སྙམ་པ་དང༌། དོན་གོ་རྒྱུ་མེད་པ་འགའ་ཞིག་འདུག་པར་རྟགས༷་རེ་བྱས་ཡོད། སླད་མ་དཔེ་གཞན་འབྱོར་ན་བསྡུར་བཅོས་བྱ་དགོས་སོ།། །།