R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 99
[A:99]བའི་དོན་གྱི་དབང་བཞི། གོང་མའི་ཡང་གོང་མ་དོན་དམ་བདག་པོ་ཆེན་པོའི་དབང་དང་བཅས་པ་དགེ་སློང་གི་རྟེན་ལ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ༈ དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ། རྒྱལ་པོ་ཟླ་བ་བཟང་པོ། སྲས་ལྷ་དབང༌། གཟི་བརྗིད་ཅན། ཟླ་བས་སྦྱིན། ལྷའི་དབང་ཕྱུག །སྣ་ཚོགས་གཟུགས། ལྷའི་དབང་
ཆོས་རྒྱལ་བདུན་རིགས་ལྡན་ཉེར་ལྔ་ལས་དང་པོ་
ལྡན། འཇམ་དབྱངས་གྲགས་པ། པདྨ་དཀར་པོ། དེ་ནས་རྭ་ལུགས་ལ་འཇམ་དབྱངས་སྤྲུལ་པ། ཙི་ལུ་ཨཱ་ཙཱརྱ། པཎྜི་ཏ་ཨཱ་ཙཱརྱ། དུས་ཞབས་པ་ཆེ་བ། དུས་ཞབས་པ་ཆུང་བ། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རྗེ་བཙུན་རྒྭ་ལོ། བླ་མ་ཤེས་རབ་སེང་གེ །བླ་མ་དཔལ་ལྡན་སེང་གེ །བླ་མ་རྡོ་རྗེ་རྒྱལ་མཚན། དེ་གཉིས་ཀ་ལ་མཁན་ཆེན་བུ་སྟོན་རིན་པོ་ཆེ། བླ་མ་དྷརྨ་ཤྲཱི། སྣར་ཐང་པ་རྒྱལ་བ་སཾ་གྷ་ཤྲཱི་བྷ་དྲ། བཟད་པ་རིན་རྒྱལ་བ། བྲག་ཐོག་པ་ཆེན་པོ་བསོད་ནམས་བཟང་པོ༑ ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། ཡོངས་འཛིན་ཤཱཀྱ་ཀུན་དགའབླ་ཆེན་ཡེ་ཤེས་དབང་པོརྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
བྱམས་པ་རིན་ཆེན་རྒྱ་མཚོ། བྱམས་པ་བསྟན་པ་རྒྱ་མཚོ། སྒྱི་ཆུ་བ་བློ་གྲོས་དབང་ཕྱུག །རྣམ་གྲོང་ཆོས་དབང་རྒྱ་མཚོ། འབྲས་གླིང་པ་བསྐལ་བཟང་ཕྲིན་ལས། བྱམས་པ་བསྟན་འཛིན་རབ་རྒྱས། བཀའ་དྲིན་མཚུངས་མེད་བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་བྱམས་པ་ངག་དབང་ཚུལ་ཁྲིམས་རྒྱལ་མཚན་ལའོ། །
༈ ཡང༌། བུ་སྟོན་རིན་པོ་ཆེ་ནས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་སྐྱབས་མཆོག་དཔལ། བླ་མ་ནམ་མཁའ་འོད་ཟེར། ལོ་ཆེན་ཤེས་རབ་རིན་ཆེན། རྗེ་བཙུན་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་ནས་གོང་བཞིན་ནོ།། ཡང༌། ཆོས་རྗེ་བླ་མས་བྲག་ཁ་བ་གྲགས་པ་སེང་གེ་ལའང་དུས་འཁོར་དབང་གསན་ནོ། ། ༈ ཡང༌། འབྲོ་ལུགས་ཤེས་གྲགས་པ་ནི། པདྨ་དཀར་པོ་ཡན་འདྲ་བ་ལ། རིགས་ལྡན་