R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 213
[A:213]འཕགས་པ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། ཆོས་རྗེ་བླ་མ་དམ་པ། ཏ་དབེན་ཀུན་ལེགས། སྐྱི་བཛྲ་རཏྣ། འཇམ་དབྱངས་བློ་གྲོས། ཆོས་རྗེ་དཔལ་འཛིན་བཟང་པོ༑ ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། འབྲི་གུང་མཁན་ཆེན་རྣམ་རྒྱལ་མགོན་པོ༑ འཇམ་དབྱངས་བྱང་ཆུབ་དབང་རྒྱལཡོངས་འཛིན་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ །ཡང་ན་རྡོ་རྗེ་བདུད་འཇོམས། ཁམས་སྒོམ་མཆོག་གི་ལེགས་པ། འཁོན་རོག་ཤེས་རབ་ཚུལ་ཁྲིམས། མཆོག་གི་སེམས་དཔའ། དཀོན་མཆོག་རྒྱལ་པོ། མཐའ་བཞི་སྟོན་པ་ཨ་སུ་མེ། བཟང་པོ་ཤེས་རབ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཆེན། བླ་མ་རིན་པོ་ཆེ་བདེ་བ་ཅན་པ་ཡེ་ཤེས་མགོན་པོ། ཕུལ་མར་བ་རིག་པ་སྙིང་པོ། ཆོས་རྗེ་རྩིབས་རི་པ། སྐྱི་བཛྲ་རཏྣ། འཇམ་དབྱངས་བློ་གྲོས་སོགས་སོ། ༈ །ཕུར་སྲུང་དཀར་མོ་ཉི་ཟླ་སྟོང་གི་ཕྲེང་བ་ཅན་དང༌། བདུད་རྒྱལ་ཐོད་ཕྲེང་ཅན་གྱི་རྗེས་གནང་གཉིས་སྔགས་འཆང་ཀུན་དགའ་ཟླ་བའི་ཡི་གེ་ནས་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཡན་ཕུར་པའི་དབང་བརྒྱུད་དང་འདྲ་བ་ལས། ལོ་མཆོག །བླ་མ་དཔལ་ལྡན་སེང་གེ །ཀུན་སྤངས་ཆོས་གྲགས་དཔལ། མ་ཏི་པཎ་ཆེན། བླ་མ་དམ་པ་བྱང་སེང་པ། ཐེག་ཆེན་ཆོས་རྗེ་ཀུན་དགའ་བཀྲ་ཤིས། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོམཁས་གྲུབ་རྣམ་རྒྱལ་རིན་ཆེནཡོངས་འཛིན་ཤཱཀྱ་ཀུན་དགའ་ལ། རྗེ་བཙུན་ཡེ་ཤེས་དབང་པོ་དང་འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་གཉིས་ཀྱིས་གསན། དེ་གཉིས་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན་རྡོ་རྗེ་གཞོན་ནུ། སློབ་དཔོན་པདྨ། འཁོན་ཀླུའི་དབང་པོ། འཁོན་རྡོ་རྗེ་རིན་ཆེན་ནས། ལོ་མཆོག་གི་བར་ཕུར་པའི་དབང་བརྒྱུད་གོང་མ་བཞིན། དེ་ནས་དཔལ་