R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 101
[A:101]བཞིན་ནོ། ༈ །ཡང༌། ཤོང་ལུགས་ཀྱི་བརྒྱུད་པ་ནི། སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན་ནས། བོ་དོང་རིན་ཆེན་རྩེ་མོ། སྟག་སྡེ་བ་སེང་གེ་རྒྱལ་མཚན། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། མང་མཁར་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །ཐམས་ཅད་མཁྱེན་པ་བུ་སྟོན་མན་གོང་ལྟར་རོ། །ཡང་ན་བོ་དོང་རིན་ཆེན་རྩེ་མོ་ནས། འཛིམས་པ་རིན་ཆེན་ཤེས་རབ། ཤར་པ་དུས་འཁོར་བ་ཡེ་ཤེས་རིན་ཆེན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། འཕགས་འོད་ཡོན་ཏན་རྒྱ་མཚོ། ཆོས་རྗེ་ཐམས་ཅད་མཁྱེན་པ་མན་གོང་ལྟར་རོ། །ཡང་ན་བུ་སྟོན་རིན་པོ་ཆེ་ནས། བླ་མ་དྷརྨ་ཤྲཱི། སྣར་ཐང་ལོ་ཙཱ་བ་སཾ་གྷ་ཤྲཱི། བཟད་པ་རིན་ཆེན་རྒྱལ་མཚན། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། ཡོངས་འཛིན་ཤཱཀྱ་ཀུན་དགའབླ་ཆེན་ཡེ་ཤེས་དབང་པོམཚུངས་མེད་ཉི་མ་གླིང་པ། དེས་བདག་གོ །ཡང་ན་ཤཱཀྱ་ཀུན་དགའ་ནས། འཇམ་དབྱངས་དབང་ཕྱུག་རྒྱལ་མཚནཉི་གླིང་པ། དེས་བདག་གོ །ཡང་ན་བུ་སྟོན་ནས། ཐུགས་སྲས་སེམས་དཔའ་ཆེན་པོ། ཞ་ལུ་ཁང་རྙིང་སློབ་དཔོན་བསོད་ནམས་འཕེལ། སྟག་ཚང་ལོ་ཙཱ་བ་མན་འདྲ། ཡང་ན་ཀུན་མཁྱེན་ཇོ་
འདིའི་རྩ་བའི་བརྒྱུད་པ་འོག་ན་ཡོད་
ནང་པ་ནས། གཉག་ཕུག་པ་བསོད་ནམས་བཟང་པོ༑ པཎ་ཆེན་བྱམས་པ་གླིང་པ། ཀུན་མཁྱེན་རྡོ་རྗེ་གདན་པ་མན་འདྲའོ། ༈ །ཡང༌། རྭ་ལུགས་ཀྱི་བརྒྱུད་པ་གཅིག་ལ། དང་པོའི་སངས་རྒྱས། ཟླ་བ་བཟང་པོ། ཆོས་རྒྱལ་སུམ་ཅུ་རྩ་གཉིས། འཇམ་དབྱངས་སྤྲུལ་པ། ཙི་ལུ་པཎྜི་ཏ། པི་ཏོ་པ། དུས་ཞབས་པ་ཆེ་ཆུང༌། མཉྫུ་ཀཱིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། རྒྭ་ལོ་རྣམ་རྒྱལ་རྡོ་རྗེ། བླ་མ་ཤེས་རབ་སེང་གེ །སྐྱི་སྟོན་གྲགས་པ་རྒྱལ་མཚན། ཇོ་ནང་ཀུན་མཁྱེན་མན་གོང་ལྟར་རོ། །ཡང་ན་རྒྭ་ལོ་ནས། ལོ་ཙཱ་བ་མཆོག་ལྡན། སྐྱི་སྟོན་མན་འདྲ། ཡང་ན་