R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 103
[A:103] ཁ་ཆེ་ཟླ་བ་མགོན་པོ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས། གྲབ་སྒོམ་དཀོན་མཆོག་སྲུང༌། རྣལ་འབྱོར་བཟང་པོ་སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་དད་པ་རྒྱལ་པོ། སྲས་ཆོས་ཀྱི་དབང་ཕྱུག །གྲུབ་ཐོབ་ནམ་མཁའ་འོད། སྤྲུལ་སྐུ་ཇོ་འབུམ། སེ་མོ་ཆེ་པ་ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་རབ་འོད་ཟེར། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ། ཇོ་ནང་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་ནས་གོང་བཞིན་ནོ། ༈ །གཉིས་པ་ནི། རྩ་རྒྱུད་བརྟག་པ་གཉིས་པ་ནས་གསུངས་པ། མཆོག་སྒྲུབ་པའི་དཀྱིལ་འཁོར་དྲུག་ལས། མན་ངག་ལུགས་ཕྱིའི་རྒྱུ་དབང་སྙིང་པོ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུའི་རྡུལ་ཚོན་དང༌། ཡང༌། རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར། མངོན་རྟོགས་བླ་མ་དམ་པའི་ཡན་ལག་དྲུག་པདཀྱིལ་ཆོག་སློབ་དཔོན་རྩེ་མོའི་དབང་ཆུ་ཆེན་མོངག་འདོན་བྲག་ཐོག་པས་མཛད་པ་རྣམས་ནས་དབང་བཞི་ཡོངས་རྫོགས་ལན་གསུམ་ཐོབ། སྐབས་འདིར་དབང་དོན་ངོ་འཕྲོད་པས་སྨིན་བྱེད་ཀྱི་དབང་ཞེས་བྱ་བའམ། ཕྱིའི་རྒྱུ་དབང་ཞེས་བྱ་བའི་དབང་དུ་བྱས་པའི་བརྒྱུད་པ་ནི། སྐུ་ལྔ་ཡེ་ཤེས་ལྔ་ལྡན་རྡོ་རྗེ་འཆང༌། །རྒྱལ་ཡུམ་ཡེ་ཤེས་མཁའ་འགྲོ་བདག་མེད་མ། །དེ་ཡིས་བྱིན་བརླབས་རྗེ་བཙུན་བིརྺ་པ། །ཡིད་བཞིན་ནོར་བུ་གསུམ་ལ་ཕྱག་འཚལ་ལོ། །དེ་སྲས་ཐུ་བོ་གྲུབ་ཆེན་ནག་པོ་པ། །གྲག་སྟོང་སྐྱེ་མེད་ཌ་མ་རུ་འཛིན་པ། །གཟུང་འཛིན་གཉིས་མེད་ཨ་བ་དྷཱུ་ཏཱི་པ། །གྲུབ་པའི་དབང་ཕྱུག་གསུམ་ལ་ཕྱག་འཚལ་ལོ། །ག་ཡ་དྷ་ར་མཧཱ་པཎྜི་ཏ། །འཇིག་རྟེན་མིག་མཁན་ཤཱཀྱ་ཡེ་ཤེས་ཞབས། །ཕྱི་ནང་ཤེས་བྱའི་དཀྱིལ་འཁོར་ཀུན་རིག་པ། །མངོན་ཤེས་རྫུ་འཕྲུལ་མངའ་བརྙེས་ཆོས་འབར་བ། །ཐར་པའི་ས་མཁན་བཞི་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་ཀུན་དགའ་སྙིང་པོའི་ཞབས། །ཡེ་