R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 244
[A:244]བསོད་ནམས་དཔལ་བ། ཆོས་རྗེ་བླ་མ་དམ་པ། བཞི་ཐོག་པ་ཀུན་དགའ་རིན་ཆེན། གཅུང་གྲགས་པ་བློ་གྲོས། མཁན་ཆེན་སེང་གེ་དཔལ་བ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། འཇམ་དབྱངས་བྱང་ཆུབ་དབང་རྒྱལཡོངས་འཛིན་ཤཱཀྱའི་མཚན་ཅན། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང་ན་ཡོངས་འཛིན་ཤཱཀྱ་ཀུན་དགའབླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས།
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། སྒྱི་ཆུ་བློ་གྲོས་དབང་ཕྱུག །བླ་མ་ཀུན་དགའ་ཆོས་འཕེལ། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། བྱམས་པ་ཀུན་དགའ་དབང་རྒྱལ། བཀའ་དྲིན་མཚུངས་མེད་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། ། ཡང་འདུ་ཤེས་གསུམ་ལྡན་བླ་ཆེན་ཕུན་ཚོགས་ཆོས་འཕེལ་ལ་ཡང་ཞུས།
དེས་བདག་གོ །ཡང་ན་འཇམ་དབྱངས་དབང་ཕྱུག་རྒྱལ་མཚནཔཎ་ཆེན་ཀུན་དགའ་བཀྲ་ཤིས་དཔལ་བཟང་པོ། དེས་བདག་གོ །ཡང་ན་འཕགས་པ་ཡན་གོང་དང་འདྲ་བ་ལས། ཞང་དཀོན་དཔལ། བྲག་ཕུག་པའོ། །ཡང༌། བླ་མ་དམ་པ། སྔགས་འཆང་གཟུངས་པ། ཆོས་རྗེ་དགེ་བཟང་པ༑ ཆོས་རྗེ་ཨཱ་ནནྡ་མ་ཏི། རྒྱ་བཀའ་བཞི་བ་དཔལ་ལྡན་གྲགས་པ། རྔོག་བསོད་ནམས་དོན་གྲུབ། རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའོ། །ལ་ལར་འདི་འདུག་སྟེ་གསན་ཡིག་ན་ཁྱུང་ཞལ་ཅན་གྱི་སྒྲུབ་སྐོར་དང་ཞལ་གྱི་རྗེས་གནང་ཡི་གེ །རྗེ་བཙུན་གྲགས་པས་མཛད་པའི་ལུང་གསན་བརྒྱུད་ཡིན་འདྲ་འདུག་གོ །ཡང༌། རྡོ་རྗེ་གདན་པ་ཆེན་པོ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། བླ་མ་ཤཱཀྱ་ཀུན་དགའོ། །ཡང༌། ཉེ་བརྒྱུད་ལྟར་ན། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། ཡེ་ཤེས་ཀྱི་མཁའ་འགྲོ་མ། བླ་མ་གཉན་ལོ་ཙཱ་བ་དར་མ་གྲགས། གནམ་ཁའུ་པ། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ། ས་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་