[A:245]ཆོས་རྒྱལ་འཕགས་པ་ནས་གོང་བཞིན་ནོ། །ཡང་ན། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ༑ སྔགས་འཆང་ཡོན་ཏན་རྒྱ་མཚོ། བླ་མ་ཨུ་རྒྱན་རྒྱལ་པོ། མཁན་ཆེན་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཞབས། དེས་བདག་གོ །འདི་ལ་ཆོས་རྗེ་བླ་མའི་ཀྱེ་རྡོར་མངོན་རྟོགས་གཤམ་ལྟར་ལས། ཞལ་གྱི་ཐད་བཅོས་ནས་གཙོ་འཁོར་ལྔའི་རྗེས་གནང་གཅིག་དང༌། བྲག་ཐོག་པའི་མངོན་རྟོགས་ལྟར་དམ་ཅན་རྒྱ་མཚོ་སོགས་ཀྱིས་བསྐོར་བ་རྗེས་གནང་གཉིས་གནང་བྱུང་ཡང༌། གསན་ཡིག་རྒྱ་མཚོར་དབྱེ་བ་མི་འདུག་པས། གང་ལྟར་བྱས་ཀྱང་འདྲ་ཞིང་རྒྱས་བསྡུས་ཙམ་དུ་མངོན་ནོ། ༈ །ཡང༌། སྒྲུབ་དུས་ཀྱི་མགོན་པོ་གོང་བཞིན་ལ་གྲི་སྙིང་འཁོར་ལོ་དང་བཅས་པ་གཏོད་པའི་རྗེས་གནང་ཡི་གེ་ཚར་ཆེན་དང༌། སྔགས་འཆང་ཚེ་བཀྲས་པའི་ཡིན་ནམ་སྙམ་པའི་ཡིག་བཅའི་ལུང་དང༌། ཡི་གེ་དངོས་གཞི་ཡར་ཀླུང་སེང་རྒྱལ་གྱི་ཡིན། རྗེས་གནང་གི་བརྒྱུད་པ་ནི། ཡོངས་འཛིན་ཤཱཀྱ་ཀུན་དགའ། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་རྡོ་རྗེ་བློ་གྲོས། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས། དེས་བདག་གོ ༈ །གཉན་མགོན་ཞལ་ནོར་སྒྲུབ་གཙོ་འཁོར་དགུ་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། མཧཱ་དེ་བ། པཎྜི་ཏ་ཤྲཱི་སིཾ་ཧ། ཨ་ཙ་ར་མཉན་ཆེན་དཔལ་དབྱངས། རྒྱ་གར་ཀཱ་མ་རཱུ་པ། གཉན་ལོ་དར་མ་གྲགས། གླང་བན་ག་རོད་པ། རྟོགས་ལྡན་མཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས་པ། ཆོས་རྗེ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ་བ། མཁས་གྲུབ་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། ཚར་ཆེན་བློ་གསལ་རྒྱ་མཚོ། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་བསོད་ནམས་མཆོག་ལྡན། དེས་བདག་གོ །བསྙེན་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་རྩ་ཞལ་མཐིང་ནག་གཡས་