R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 104
[A:104]ཤེས་སྐུ་ཅན་བསོད་ནམས་རྩེ་མོའི་མཚན། །རྡོ་རྗེ་འཛིན་པ་གྲགས་པ་རྒྱལ་མཚན་དཔལ། །བསྟན་པའི་བདག་པོ་གསུམ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་ཀུན་དགའ་རྒྱལ་མཚན་ཞབས། །འགྲོ་མགོན་འཕགས་པ་བློ་གྲོས་རྒྱལ་མཚན་འཛིན། ། བཤད་སྒྲུབ་བསྟན་པའི་ཁུར་འཛིན་ཀུན་དགའ་དཔལ། །མཁས་པའི་གཙུག་རྒྱན་གསུམ་ལ་ཕྱག་འཚལ་ལོ། །ཉམས་རྟོགས་མཐར་སོན་བསོད་ནམས་བརྟན་པ་དང༌། །གྲུབ་པ་སྙིང་པོར་མཛད་པའི་བསོད་ནམས་དཔལ། །ཐུབ་བསྟན་ཉིན་བྱེད་བསོད་ནམས་རྒྱལ་མཚན་ཞབས། །བསྟན་པའི་འབྱུང་གནས་གསུམ་ལ་ཕྱག་འཚལ་ལོ། །སྐད་གཉིས་སྨྲ་བ་མ་ཏི་པཎྜི་ཏ། །མཉྫུ་ཤྲཱི་ཀུན་དགའ་བཀྲ་ཤིས་ཞབས། །རྒྱལ་བ་གཉིས་པ་བསོད་ནམས་བཟང་པོ་དཔལ། །མཚུངས་མེད་བླ་མ་གསུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཆང་དབང་ཀུན་དགའ་རྣམ་རྒྱལ་ཞབས། །དེ་ཡིས་བྱིན་བརླབས་རིགས་པའི་གློག་ཕྲེང་འཕྲོ། །སྙན་བརྒྱུད་རྒྱ་མཚོ་བྱང་ཆུབ་དབང་གི་རྒྱལ། །རྒྱལ་ཚབ་དམ་པ་གསུམ་ལ་ཕྱག་འཚལ་ལོ། ། བསྟན་པའི་སྒྲོན་མ་ཤཱཀྱ་ཀུན་དགའི་མཚན། །རིགས་བརྒྱའི་ཁྱབ་བདག་ཡེ་ཤེས་དབང་པོ་མཆོགདཀོན་མཆོག་གསུམ་དངོས་ཚུལ་ཁྲིམས་བཀྲ་ཤིས་ཞབས། །གཏན་གྱི་སྐྱབས་གནས་གསུམ་ལ་ཕྱག་འཚལ་ལོ། །
བསྟན་པའི་སྒྲོན་མེ་རིན་ཆེན་རྒྱ་མཚོའི་ཞབས། །བཀའ་དྲིན་མཚུངས་མེད་ཕྲིན་ལས་རྣམ་རྒྱལ་དཔལ། །རྡོ་རྗེ་འཆང་དངོས་བློ་གྲོས་དབང་ཕྱུག་མཚན། །རྒྱལ་ཚབ་དམ་པ་གསུམ་ལ་ཕྱག་འཚལ་ལོ། །རྒྱལ་བ་སྐུ་དངོས་ཆོས་དབང་རྒྱ་མཚོའི་ཞབས། །རིགས་བརྒྱའི་ཁྱབ་བདག་ཀུན་དགའ་ཆོས་འཕེལ་དང༌། །མཁས་བཙུན་བཟང་པོ་ཡོན་ཏན་ལྷུན་གྲུབ་རྗེ། །འགྲན་བྲལ་བླ་མ་གསུམ་ལ་ཕྱག་འཚལ་ལོ། །བཀའ་དྲིན་གསུམ་ལྡན་ཀུན་དགའ་བརྩོན་འགྲུས་ཞབས། །བསླབ་གསུམ་རྣམ་དག་ཀུན་དགའ་དབང་རྒྱལ་དང༌། །སྙིགས་དུས་རྡོ་རྗེ་གདན་གྱི་བསྟན་པ་འདིར། །དབང་ལུང་མན་ངག་སྤེལ་མཛད་དྷརྨའི་མཚན། །
བདག་ལ་སྔ་ཕྱིར་དགྱེས་པ་ཆེན་པོས་སྩལ། ། ཡང་ན་ཐེག་ཆེན་པ་ཀུན་དགའ་བཀྲ་ཤིས། བཟད་པ་རིན་རྒྱལ། བྲག་