R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 275
[A:275]ཆེན་ནས། གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན། གློ་བོ་མཁན་ཆེན་བསོད་ནམས་ལེགས་འབྱུང༌། ས་ལོ་འཇམ་དཔལ་རྡོ་རྗེ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་མན་འདྲ། ཡང་ན་སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན་ནས། རིན་པོ་ཆེ་བོད་མཁར་བ་མཻ་ཏྲི་དོན་གྲུབ་རྒྱལ་མཚན། ཟུར་ཆེན་གཞོན་ནུ་དོན་གྲུབ་མན་འདྲ། ཡང་ན་ཚར་ཆེན་ནས། རིན་པོ་ཆེ་བོད་མཁར་བ་མན་འདྲ། ཡང་ན་ངོར་ཆེན་ནས། ཀུན་མཁྱེན་སངས་རྒྱས་འཕེལ། ཆོས་རྗེ་སངས་རྒྱས་ལྷུན་གྲུབ། མཁན་ཆེན་རཏྣ་ཤཱི་ལ། རྗེ་བཙུན་སྒོ་རུམ་པ་ཆེན་པོ༑ འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་མན་འདྲ། ཡང་ན་གུ་གེ་པཎ་ཆེན་ནས། གློ་བོ་མཁན་ཆེན་ལེགས་འབྱུང༌། ས་ལོ་འཇམ་དཔལ་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། དེ་དབོན་ཤེས་རབ་འབྱུང་གནས། ཁྱབ་བདག་ཞ་ལུ་བ། དེས་བདག་ལའོ། །ཡང་ན་རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་ནས། མཁན་ཆེན་བརྩོན་འགྲུས་བྱང་ཆུབ། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཀུན་མཁྱེན་རྡོ་རྗེ་གདན་པ། གཉུག་ལ་པཎ་ཆེན་ངག་དབང་གྲགས་པ། འཇམ་དབྱངས་གྲགས་པ་ཕྱོགས་ལས་རྣམ་རྒྱལ། འཇམ་དབྱངས་ཚེ་དབང་ཀུན་མཁྱེན། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚནཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། རབ་འབྱམས་ཆོས་རྗེ་རིན་ཆེན་རྒྱ་མཚོ། ཞ་ལུ་མཁན་ཆེན་རིན་ཆེན་བསོད་ནམས་མཆོག་གྲུབ། རྒྱལ་དབང་ཐམས་ཅད་མཁྱེན་པ། དེ་གཉིས་ཀར་བདག་གིས་ཞུས་སོ། །ཡང༌། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དང༌། གསེར་གླིང་པ་བྱམས་པ་ཤཱཀྱ་རྡོ་རྗེ། དེ་གཉིས་ཀ་ལ་བདག་གིས་ཞུས་སོ། །དཔལ་ས་སྐྱ་པ་ཀུན་དགའ་བསོད་ནམས་ལ་ཡང་ཞུས་སོ། །ཡང་ན་མཁན་ཆེན་བསོད་ནམས་གྲགས་པ་ནས། ཐམས་ཅད་མཁྱེན་