R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 89
[A:89]༄༅། །པྲ པྟཱ ཀྵ ར བྷ དྲ གྷ ཊ ནཱ མ བི ཛ ཧཱ ར ཏྲི སྨ། །
༄༅། །ཐོབ་ཡིག་བུམ་པ་བཟང་པོ་ཞེས་བྱ་བ་བཞུགས་སོ། །
༼ཀ༽ ཛྙེ ཡ ས རྦ བི དྱ ས རྦ ཏ ཛྙཱ ཛྱེ ཥྛ དཱ ནྟ ཧེ རུ ཀ སྱ ཝ སྟུཿ དི གི ཛཱི ན གཾ ཛ ག ཏ ནཱ ཐཿ སྭཱ མི བ ནྡྷྱ ན ན མོ གུ རཱ བེ། ། ཤེས་བྱ་ཀུན་རིག་ཐམས་ཅད་མཁྱེན། །དགའ་ཆེན་ཧེ་རུ་ཀ་ཡི་དངོས། ། ཕྱོགས་ལས་རྣམ་རྒྱལ་འགྲོ་བའི་མགོན། །རྗེ་བཙུན་བླ་མ་ལ་ཕྱག་འཚལ། ། བཱ གཱི ཤོ མུ ད ས རྦ བ ནྡྷུ གཾ ། པུ ཎྱཽོ ཙྪེ དྷྭ ཛ ཀཱྀ རྟི ནཱ ཡ ཀ ཿ ཤྲཱི མཱཾ ཀ ལྤ དྷ རཱ གྲ མ ནྟྲ དྷཾ། ས རྦ ཛྙཱ ཙ ར ཎཾ ཀུ རོ ན མཿ ང༵ག་གི་དབ༵ང་ཕྱུག་འགྲོ་ཀུན༵་དག༵འ་བའི་གཉེན། །བསོ༵ད་ནམ༵ས་མངོན་མཐོ་གྲག༵ས་པ༵འི་རྒྱལ༵་མཚ༵ན་འཛིན། །དཔ༵ལ་ལྡན་སྐལ་བ་བཟ༵ང་པོ༵འི་འདྲེན་པ་མཆོག ། ཀུན་མཁྱེན་སྔགས་འཆང་བླ་མའི་ཞབ༵ས་ལ༵་འདུད༵། ། ༄༅། །རྒྱ་གར་འཕགས་ཡུལ་ན་ལེགས་སྦྱར་སྨྲ་བ་རྣམས་ཀྱི་སྐད་དུ། པྲཔྟཱ་ཀྵ་ར་བྷ་དྲ་གྷ་ཊ་ནཱ་མ། བོད་ཐུགས་རྗེ་ཚད་མེད་པའི་ཞིང་ན་འདོད་རྒྱལ་དུ་སྨྲ་བའི་སྐད་དུ། ཐོབ་ཡིག་བུམ་པ་བཟང་པོ་ཞེས་བྱ་བ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ཆོས་སྐུ་འགྱུར་མེད་འཁོར་འདས་ཀུན་ལ་ཁྱབ། །ཟུང་འཇུག་ལོངས་སྐུ་ངེས་པ་ལྔ་ལྡན་སྐུ། །མཆོག་དམན་ཀུན་ལ་