R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 108
[A:108]པའི་དབང་པོ་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ ༈ །གསུམ་པ་ནི། དཔལ་ཀྱེ་རྡོ་རྗེ་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ལུགས་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མངོན་རྟོགས་ཐེག་ཆེན་ཆོས་རྗེ། དཀྱིལ་ཆོག་སློབ་དཔོན་རྩེ་མོའི་སྟེང་ནས་དབང་གསུམ་པ་མན་མན་ངག་ལུགས་ནས་ཁ་བསྐང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བི་ལ་སྱེ་བཛྲ། ཡན་ལག་མེད་པའི་རྡོ་རྗེ། སློབ་དཔོན་མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ལྕམ་ལཀྵི་མ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། བླ་ཆེན་འབྲོག་མི། སེ་སྟོན་ཀུན་རིག །ཞང་ཆོས་འབར། ས་ཆེན་ཀུན་སྙིང༌། རྟ་རྟགས་སོ་བ་རིན་ཆེན་དོན་གྲུབ། དེའི་དབོན་བླ་མ་ཆོས་ཤེས། ཆུ་བོ་རི་ལ་ཁའི་བླ་མ་རྒྱལ་གྲགས་པ། ཞང་དཀོན་མཆོག་དཔལ། བླ་མ་ཀུན་བསོད། བླ་མ་དཔལ་ལྡན་སེང་གེ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་སྒོ་བ། བྲག་ཐོག་པ་ཆེན་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། མཁས་གྲུབ་རྣམ་རྒྱལ་རིན་ཆེན། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་མཁྱེན་རབ་རྣམ་རྒྱལ། བླ་ཆེན་ཡེ་ཤེས་དབང་པོབླ་མ་ཤཱཀྱ་བསམ་འགྲུབ། ཡི་གེ་བཞི་ལྡན་པཎ་ཆེན་བསོད་ནམས་མཆོག་ལྡན། དེས་བདག་གོ །མཆོག་དབང་གསུམ་རྒྱ་གཞུང་ན་མེད་སྔར་སྔ་མོ་ནས་དཔྱད་གཞི་ཡོད་གསུང་ངོ༌། ༈ །དེ་ནས་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཀྱི་སྐབས། རྒྱུད་གསུམ་གྱིས་བཀྲི་བ་རྫོགས་པ་དང༌། ལམ་དབང་ཞེས་པ་བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་ཐོག་མའི་དབང་ཐོབ་པ་ལ་ལུས་དཀྱིལ་གྱི་རྒྱུ་དབང༌། སླར་ཐོབ་པ་ལ་ལམ་དབང་ཞེས། རྡོ་རྗེ་འཆང་ཉི་གླིང་རྗེའི་དགོངས་པ་ལྟར་རོ། །བླ་མ་དམ་པའི་བསྐུར་ཆོག་དང༌། ཐེག་ཆེན་ཆོས་རྒྱལ་གྱི་ལམ་བསྡུས་རྒྱུན་ཁྱེར་མ་གཉིས་ཀྱི་སྟེང་ནས་དབང་བཞི་རྒྱས་པ་དང༌། དེ་མ་ཐག་ཏུ་མཎྜལ་གསོལ་གདབ་རྟོགས་བརྗོད་སོ་སོར་སྦྱར་བའི་དབང་འབྲིང་པོ་དང༌། དེ་མ་ཐག་ཏུ་མཎྜལ་གསོལ་གདབ་རྟོགས་བརྗོད་