R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 294
[A:294]ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། འཇམ་དབྱངས་རིན་ཆེན་རྒྱལ་མཚན། མཁན་ཆེན་རྒྱལ་བ་ཕྱག་ནཀུན་བཟང་རྩེ་པ་བསོད་ནམས་རྒྱལ་མཚནཆག་ལོ་རིན་ཆེན་ཆོས་ཀྱི་རྒྱལ་པོཁྲ་རི་བ་རིན་ཆེན་རྒྱལ་མཆོག །ཀུན་མཁྱེན་རྫོང་དཀར་ཤེས་རབ་རྒྱལ་མཚན། འཇམ་དཔལ་དབྱངས་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། བཀའ་དྲིན་མཉམ་མེད་མགོན་པོ་བསོད་ནམས་མཆོག་ལྡན། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། དེ་བདག་གོ །ཡང་ན་མཁན་ཆེན་བདེ་བ་དཔལ་ནས། བཀའ་བཞི་པ་གྲགས་པ་གཞོན་ནུ། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མན་འདྲ། ཡང་ན་སྤྱན་སྔ་བ་ཆེན་པོ་ནས། དགེ་བཤེས་སྒྲེ་པ། སྒམ་པོ་བསོད་ནམས་རིན་ཆེན། ཕག་མོ་གྲུ་པ། ཉེ་གནས་སྟག་ལུང་ཐང་པ། བླ་མ་བ་ལམ་པ། སློབ་དཔོན་ཚལ་པ། སློབ་དཔོན་ཤཱཀྱ་གཞོན་ནུ། དོན་ཞགས་པ་སངས་རྒྱས་རིན་ཆེན། རྩེགས་པ་བསོད་ནམས་རྡོ་རྗེ། མ་ཏི་ཕ་ལ། བླ་མ་རང་གྲོལ་ལྷུན་གྲུབ། མཚུངས་མེད་ནམ་མཁའ་བློ་གྲོས། ཆག་ལོ་རིན་ཆེན་ཆོས་རྒྱལ་མན་འདྲ། ཡང་ན་སྒམ་པོ་པ་ནས། ལྷོ་ལ་ཡག་པ། སློབ་དཔོན་བརྟན་པ། སློབ་དཔོན་ཚལ་པ་བ། སློབ་དཔོན་ཤཱཀྱ་གཞོན་ནུ་མན་འདྲ། ཡང་ན་སློབ་དཔོན་ཤཱཀ་གཞོན་ནས་ཤངས་པ་གྲགས་པ་སེང་གེ །བླ་མ་མགོན་རྒྱལ་བ། མཁའ་སྤྱོད་དབང་པོ། འཁྲུལ་ཞིག་བསོད་ནམས་འབུམ། བླ་མ་རྒྱལ་མཚན། ཞྭ་དམར་བཞི་པ་སྤྱན་སྔ་ཐམས་ཅད་མཁྱེན་པ༑ ཆག་ལོ་མན་འདྲ། ཡང་ན་སྤྱན་སྔ་བ་ནས། བྱ་ཡུལ་བ་གཞོན་ནུ་འོད། དགེ་བཤེས་སླེ་ནག་པ། བཤེས་གཉེན་སྒྲེ་པ། དྭགས་པོ་ཟླ་འོད་གཞོན་ནུ་མན་འདྲ། ཡང་ན་ཟླ་འོད་གཞོན་ནུ་ནས། དུས་གསུམ་མཁྱེན་པ་ཆོས་ཀྱི་གྲགས་པ། ཁམས་པ་དབང་ཕྱུག་རྡོ་རྗེ། བླ་མ་དབང་ཕྱུག་སེང་གེ །ཁམས་པ་བྱ་བྲལ་བ། བླ་མ་ཤེས་རབ་གཞོན་ནུ། སྤྱན་སྔ་ཆོས་