R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 308
[A:308]ཡོན་ཏན་དཔལ། བླ་མ་བློ་བཟང་དཔལ། མཁྱེན་རབ་རིན་པོ་ཆེ་མཆོག་གྲུབ། རྗེ་བཙུན་རྡོ་རིངས་པ་ཆེན་པོ། སྒོ་རུམ་པ་ཀུན་དགའ་ལེགས་པ་མན་འདྲ། ཡང་ན་མཁྱེན་རབ་རྗེ་ནས། རྗེ་དཀོན་མཆོག་ཚུལ་ཁྲིམས། འགོས་སྟོན་རྡོ་རྗེ་སེང་གེ །མངའ་རིས་རུ་ཐོག་རྡོ་རྗེ་གཟི་བརྗིད། འཇམ་དབྱངས་མཁྱེན་བརྩེ་མན་འདྲ། ༈ རྗེ་བཙུན་ས་པཎ་གྱིས་མཛད་པའི་རྨེ་བརྩེགས་ཀྱི་སྒྲུབ་ཐབས་སོགས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། ས་སྐྱ་བཀའ་འབུམ་སྐབས་དང་འདྲའོ། །ཡང༌། རྗེས་གནང་ཉི་གླིང་རྡོ་རྗེ་འཆང་ལ་ཡང་ཞུས་སོ། ། ༈ ཁྲོ་མོ་རྨེ་བརྩེགས་ཀྱི་རྗེས་གནང་དང་དེའི་སྒྲུབ་ཐབས་རྗེས་གནང་འཇམ་དབྱངས་མཁྱེན་བརྩེས་མཛད་པའི་རྗེས་གནང་གི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། ཌཱ་ཀི་སེང་གེ་གདོང་ཅན། གྲུ་སྤང་རྩ་བ་རྡོ་རྗེ་སེང་གེ །ཆོས་རྗེ་བྲག་ནག་པ། བྱང་སེམས་ཆེན་པོ། བླ་མ་དངོས་གྲུབ་རྒྱལ་མཚན། སློབ་དཔོན་བསོད་ནམས་དར། བེ་བུག་བདེ་ལེགས་རྒྱལ་མཚན། སྔགས་འཆང་ཆོས་རྒྱལ་བསོད་ནམས། དེ་སྲས་ཆོས་སྐྱོང་བསོད་ནམས་བཀྲ་ཤིས། ཐམས་ཅད་མཁྱེན་པ་མཁྱེན་བརྩེའི་དབང་ཕྱུག །རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། འཇམ་མགོན་བསྟན་པའི་ཉི་མ་བསོད་ནམས་མཆོག་ལྡན། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཡང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། མཁན་ཆེན་ཞ་ལུ་པ་དེས་བདག་གོ །ལུང་བརྒྱུད་ནི། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །འཕགས་མཆོག་བྱམས་པ་སྐལ་བཟང༌། རྡོ་རྗེ་འཆང་དབང་རབ་མན་འདྲ། ཡང་ན་རྗེ་དབང་རབ་ནས། ཁྱབ་བདག་ཞ་ལུ་པ། དེས་བདག་ལའོ། ། ཡང་ན་རྡོ་རྗེ་འཆང་དབང་རབ། རྗེ་བཀའ་འགྱུར་བ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཞབས། དེས་བདག་གོ ༈ །མཁའ་འགྲོ་མ་སེང་གེའི་གདོང་ཅན་རྗེས་གནང་དང་ལོ་རྒྱུས། ལས་ཚོགས། གཏོར་ཆོག །མངོན་རྟོགས། མཁའ་འགྲོ་ལྔའི་བསྟོད་པ་ཚིགས་བཅད་