[A:316]སུ་ནོས་པ་ལས། ལྷ་བཅུ་བདུན་མའི་དབང་རྙིང་མའི་སྐབས་ནའོ། ༈ །བདེ་དྲོད་རང་འབར་གྱི་སྔོན་འགྲོ་བདེ་མཆོག་ལྷ་ལྔའི་བྱིན་བརླབས་དང༌། ཁྲིད་ཡིག་གཉིས་འབྲི་གུང་མཁན་ཆེན་རྣམ་མགོན་དྲི་མེད་སྡེས་མཛད་པའི་སྟེང་ནས་བྱིན་བརླབས་དང་ཁྲིད། ཞལ་ཤེས་རླུང་ལ་དོར་འཕོ་བ་བཅས་ཐོབ་པའི་རིང་བརྒྱུད་ནི། ཁྱབ་བདག་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་ནི་གུ་མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ །གཉན་སྟོན་ཆོས་ཀྱི་ཤེས་རབ། སངས་རྒྱས་སྟོན་པ་བརྩོན་འགྲུས་སེང་གེ །བསམ་སྡིངས་པ་གཞོན་ནུ་གྲུབ། ཞང་སྟོན་པ། མཁས་བཙུན་ལྷོ་པ། ཉང་སྟོད་བསམ་སྡིངས་ཀྱི་བླ་མ་སྐུ་མཆེད་གསུམ། སྤྲུལ་སྐུ་བློ་གྲོས་དཔལ་བ༑ འཇམ་དབྱངས་ཆོས་དཔལ་བཟང་པོ། མུས་ཆེན་ནམ་མཁའ་རྒྱལ་མཚན། རྒྱལ་སྲས་བྱམས་མགོན་པ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། རས་ཆེན་དཔལ་འབྱོར་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ། པཎ་ཆེན་བདེ་བའི་རྡོ་རྗེ། བླ་མ་ལྷ་དབང་ཕྲིན་ལས། མཁས་གྲུབ་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ཉེ་བརྒྱུད་ནི། དུས་གསུམ་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ། །ཡེ་ཤེས་སྒྱུ་མའི་རྣམ་རོལ་ནི་གུ་མ། །བདེ་དྲོད་རང་འབར་དཔལ་འབྱོར་བཟང་པོའི་མཚན། །དངོས་གྲུབ་མཆོག་བརྙེས་འཇིགས་མེད་དཔའ་བོའི་ཞབས། །སྙན་བརྒྱུད་རྒྱ་མཚོ་བྱང་ཆུབ་དབང་གི་རྒྱལ། །མཁས་དབང་པཎ་ཆེན་བདེ་བའི་རྡོ་རྗེ་འཛིན། །སྐུ་བཞིའི་བདག་ཉིད་ལྷ་དབང་ཕྲིན་ལས་རྗེ། །དཀོན་མཆོག་གསུམ་དངོས་ཚུལ་ཁྲིམས་བཀྲ་ཤིས་དཔལ། ། གསོལ་བ་འདེབས་སོ་ཕྲིན་ལས་རྣམ་རྒྱལ་གྱི། །སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས། །ཡང་ན་རས་ཆེན། འཇམ་དབྱངས་བྱང་ཆུབ་དབང་རྒྱལ་མན་འདྲའོ། ༈ །བདེ་མཆོག་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འབེབས་ཆོག་ལིང་ཆུ་རྩེ་ཁབ་ནས་ཐོབ་པའི་