[A:322]རས་གཟིགས་ཁ་སརྤ་ཎིས་གྲུབ་ཆེན་མི་ཏྲ་ཛོ་ཀི་ལ་གནང་བ་སེམས་ཉིད་ངལ་གསོའི་ཁྲིད་ཚར་ཆེན་གྱི་གསུང་ལ་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་མཛད་པ་ནས་ཁྲིད་ལུང་གཉིས་ཀ་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་རིན་ཆེན་གྲུབ་ཡན་སྙིང་པོ་དོན་གསུམ་བཞིན་ལས། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའ་མཆོག་གྲུབ། མཁས་པ་ཙནྡྲ་ཤྲཱི་རཏྣ། འཁྲུལ་ཞྀག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། རྡོ་རིང་པ་ཀུན་བཟང་ཆོས་ཀྱི་ཉི་མ། ཚར་ཆེན། མཁྱེན་བརྩེའི་དབང་ཕྱུག །བྱམས་པ་སྐལ་བཟང༌། དབང་ཕྱུག་རབ་བརྟན། བཀའ་དྲིན་འཁོར་མེད་རིན་ཆེན་བསོད་ནམས་མཆོག་གྲུབ། དེས་བདག་ལ་དགྱེས་པ་ཆེན་པོས་གནང་ངོ༌། །སྙིང་པོ་དོན་གསུམ་གྱི་བླ་མའི་རྣལ་འབྱོར་གསལ་བྱེད་གླིང་སྐུ་སྐྱེ་ལ་ཡང་ཞུས་སོ། ༈ །སྒྲོལ་དཀར་གྱི་ཚེ་ཁྲིད་ནི་ཁྲིད་བརྒྱའི་ནང་ཚན་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ལ་ཐོབ་པའི་བརྒྱུད་པ་རྗེས་གནང་སྐབས་དང་འདྲའོ། ༈ །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཤེགས་པའི་ལམ་པོ་ཆེ་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྒྱས་འདེབས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ལ། སྔོན་འགྲོའི་ཁྲིད་ཡིག་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པ་ཐུན་བཞིའི་རྣལ་འབྱོར་བྱ་བ་དང༌། དངོས་གཞིའི་ཉམས་ལེན་སྤྲུལ་སྐུ་བཟང་པོ་རྡོ་རྗེས་མཛད་པ་ནས་ཉམས་ཁྲིད་ཐོབ་པ་དང༌། རྒྱ་ཆེན་སྤྱོད་རྒྱུད། ཟབ་མོ་ལྟ་རྒྱུད། ཉམས་ལེན་བྱིན་བརླབས་ཀྱི་སྐོར་ལས། ཐར་པ་ཆེན་པོའི་རྒྱན་ཞེས་ལེའུ་ཉེར་གཅིག་པ་དང༌། སེམས་ཀྱི་མཚན་ཉིད་གབ་པ་མངོན་དུ་ཕྱུང་བ་དང༌། ལམ་མཆོག་རིན་ཆེན་ཕྲེང་བ། སྔོན་འགྲོ་དངོས་གཞིའི་ཁྲིད་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཏི་ལོ་ཤེས་རབ་བཟང་པོ། པཎ་ཆེན་ནཱ་རོ་པ། ལོ་ཙཱ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། རྒྱལ་བས་ལུང་བསྟན་བསོད་ནམས་རིན་ཆེན་ནམ་