R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 114
[A:114]དབང་ཕྲིན་ལས། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ ༈ །དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱིའི་རྒྱུ་དབང་དང༌། ཕྱིའི་ལམ་དབང་ཞུས་ནས། ཁྲིད་དང་བྱིན་བརླབས་ཐོབ་པའི་སྐོར་ལ། ཁྲིད་ཡིག་སྦས་དོན་གསལ་བའི་སྟེང་ནས་ཕྱག་ལེན་བཞིན་འཛིན་ཆོས་བློ་ནས་ཐོན་ངེས་ཀྱི་ཁྲིད་དང་དུས་མཉམ་དུ་རྡོ་རྗེ་ཚིག་རྐང་འཛིན་ཆོས་ཁྲིད་དང་རྫོགས་མཉམ། རྡོར་སེམས་བསྒོམ་བཟླས་གོང་དུ་ཡིག་བརྒྱའི་བཟླས་ལུང་ཁྱོན་བསྡོམས་ལན་བཞི་ཐོབ།
ཡན་ལག་ལྔ་སྦྱོང་སྟོན་པའི་ནུབ་མོ་ཙམ་རྡོ་རྗེ་ཚིག་རྐང་དང༌། འཁོར་འདས་དབྱེར་མེད་འཛིན་ཆོས་སྟོང༌། འཁོར་འདས་དབྱེར་མེད་རྫོགས་པ་དང་འཕྲུལ་འཁོར་རྩ་ཚིག་སྟོང༌། འདི་སྦས་དོན་བསྐྱེད་རིམ་སེམས་འཛིན་ཙམ་ལ་རྫོགས་དགོས། རྡོ་རྗེ་ཚིག་རྐང་མེ་དམར་སྐྱ་ཙམ་ལ་རྫོགས་པ་དགོས།
འཁོར་འདས་དབྱེར་མེད་རྩ་བ་འཛིན་ཆོས་ལྟ་ཁྲིད་ཀྱི་གོང་དུ་རྫོགས་པ། བུམ་དབང་གི་ལམ་གྱི་སྔོན་དུ་ལུས་དཀྱིལ་གྱི་དབང་
དཔལ་ལྡན་བླ་མ་དམ་པའི་བསྐུར་ཆོག་དང༌། ཐེག་ཆེན་པའི་ལམ་བསྡུས་གཉིས་ཀྱི་སྟེང་ནས་དབང་བཞི་རྒྱས་པ་དེ་ནས་
ཞུས་ཁྱོན་བསྡོམས་ལན་བདུན་
ཐོབ།
ཨཥྟའི་བཟླས་ལུང་
ཕག་མོའི་ཁོངས་ས་པཎ་ཡིག་ཆ་
ཁྱོན་བསྡོམས་ལན་བཞི་
ཐོབ།
འཕྲུལ་འཁོར་རྩ་ཚིག་འཛིན་ཆོས་རླུང་སྦྱོར་གོང་དུ་རྫོགས་མ་ཐག་ཕྲིན་ལས་སོ་གཉིས་བཤད་པ་དང་ལག་ལེན་མཚུངས་པ་ཞུས། ཤེས་རབ་ཡེ་ཤེས་ཀྱི་ལམ་མན་ལ་ལུང་མཛད་པས། དེ་ལྟར་ལན་གསུམ་ཙམ་དང༌། ཁྲིད་རྫོགས་འཕྲལ་རས་འབུད་དང༌། ལམ་ཟབ་བླ་མའི་བྱིན་བརླབས་
ཐུན་མོང་
ཚར་ལྔ་
ཐོབ།
བིར་བསྲུང་བྱིན་བརླབས་
ཐུན་མོང་ཅན་གཉིས་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གསུང་བཞིན་སྙིགས་དུས་རྡོ་རྗེ་གདན་གྱི་བསྟན་པའི་མཛེས་རྒྱན་དུ་བྱོན་པ་རྡོ་རྗེ་འཆང་ཕུན་ཚོགས་ཆོས་འཕེལ་དེས་བྱམས་པ་ངག་དབང་ཚུལ་ཁྲིམས་རྒྱལ་མཚན་ལའོ་
ཚར་ལྔ་
ཐོབ།
གོ་ཆ་ལྔ་སྲུང༌། ལམ་ཟབ་བླ་མ་ལུས་དཀྱིལ་མའི་བྱིན་བརླབས་ཚར་གསུམ་
ཐོབ།
བིར་བསྲུང་ས་པཎ་ལུགས་ལ་མུ་སྲད་པས་དག་པ་སྦྱར་བའི་བྱིན་བརླབས་ལན་གཉིས་
ཐོབ།
དབང་བཞི་ངོ་སྤྲོད། ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པ། ཟུར་