R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 343
[A:343]ལས་ཆོག་དང་ཞར་བྱུང་ཁྱིམ་པ་ལ་ཕན་གདགས་པའི་འདུལ་བའི་ལག་ལེན་ཆོ་ག་དྲི་མ་མེད་པའི་ཕྲེང་བ་དང་འདུལ་བའི་ཞེ་ས་དགུ་ཕྲུགས་གཉིས་ཀྱི་ལུང་བརྒྱུད་བུ་སྟོན་བཀའ་འབུམ་སྐབས་ནའོ། །རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཀྱིས་མཛད་པའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་ཚིགས་བཅད་མཛད་པ་པོ་ཉིད་ལ་ཐོས་སོ། ༈ །སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཤེས་བྱའི་གཞི་ལྔ་གཙོ་བོར་བརྗོད་པའི་ཆོས་མངོན་པ་མཛོད་ཀྱི་རྩ་བའི་ལུང་ཐོབ་པའི་བརྒྱུད་པ་ནི། སློབ་དཔོན་དབྱིག་གཉེན། བློ་གྲོས་བརྟན་པ༑ གང་པ་སྤེལ། ཤཱནྟི་པ། པུཎྱ་ཤྲཱི། རྔོག་ལོ་བློ་ལྡན་ཤེས་རབ། མཆིམས་ལྷ་རྗེ་གོ་ཆ། མཆིམས་བརྩོན་སེང༌། མཆིམས་དོན་གྲུབ་རྒྱལ་བ། མཆིམས་བརྩོན་འགྲུས་རྒྱལ་མཚན། མཆིམས་བློ་གྲོས་བརྟན་པ། མཆིམས་ནམ་མཁའ་གྲགས། མཆིམས་བློ་བཟང་གྲགས་པ༑ རོང་པ་ཆོས་རྒྱལ། ཉག་མ་བ་རིན་ཆེན། དམར་སྟོན་དཔལ་ལྡན་རིན་ཆེན། རོང་སྟོན་ཤེས་བྱ་ཀུན་རིག །བཟད་པ་བློ་གྲོས་རྒྱ་མཚོ། ཀུན་མཁྱེན་སངས་རྒྱས་འཕེལ། རྗེ་ཕྲིན་ལས་པ། དཔའ་བོ་གཙུག་ལག་ཕྲེང་བ། ཞྭ་དམར་དཀོན་མཆོག་ཡན་ལག །ཀརྨ་པ་དབང་ཕྱུག་རྡོ་རྗེ། འཇམ་དབྱངས་བླ་མ། སྨན་ལུང་པ་བློ་གྲོས་མཆོག་གི་རྡོ་རྗེ། རབ་འབྱམས་པ་རིན་ཆེན་རྒྱ་མཚོ། མཁན་རིན་པོ་ཆེ་སྦྱིན་པ་རྒྱ་མཚོ། དེས་བདག་གོ །དེའི་འགྲེལ་པ་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་རྒྱལ་དབང་མཆོག་གིས་མཛད་པའི་ལུང་བརྒྱུད་ནི། མཛད་པ་པོ། མཁན་ཆེན་སྦྱིན་པ་རྒྱ་མཚོ། དེས་བདག་གོ ༈ །གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པ་ཐལ་འགྱུར་བའི་ལུགས་སྲོལ་ཐུན་མོང་མ་ཡིན་པ་སློབ་དཔོན་ཟླ་གྲགས་ཀྱི་གཞུང་དབུ་མ་འཇུག་པ་དང་འགྲེལ་པ་དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཀྱི་ལུང་བརྒྱུད་ནི། རྒྱལ་དབང་བློ་བཟང་རྒྱ་མཚོ། མཁན་ཆེན་སྦྱིན་པ་རྒྱ་མཚོ། དེས་བདག་གོ ༈ །བཀའ་གདམས་གཞུང་དྲུག་ལ་སྐྱེས་ཚོམས་དད་