R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 351
[A:351]མོ་མན་གོང་ལྟར་རོ། །ལུང་སྤར་མའི་སྟེང་ནས་ཞུས་ཤིང་སྤར་བྱང་སོགས་རྗེ་རིན་ཆེན་རྒྱ་མཚོས་མ་གསན་པ། སླར་ཐོབ་པའི་བརྒྱུད་པ་ནི། རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོའི་ཞབས། ཞ་ལུ་མཁན་ཆེན་འཇམ་དབྱངས་བསྟན་འཛིན། དེས་ཕྲིན་ནོ། །ས་སྐྱ་པཎྜི་ཏས་མཛད་པའི་དབུ་མ་ལུགས་ཀྱི་སེམས་བསྐྱེད་ཆེན་པོ་དང་ཐུབ་པའི་དགོངས་པ་གསལ་བའི་ལུང་རྒྱུད་ནི། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན་ལ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། དེས་བདག་གོ །ས་སྐྱ་བཀའ་འབུམ་དང་འདྲའོ། ༈ །དཔལ་མཉམ་མེད་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཐུགས་དམ་དུ་མཛད་པའི་ཆོས་ཆུང་བརྒྱ་རྩར་གྲགས་པ། བྱང་ཆུབ་ལམ་གྱི་སྒྲོན་མ་རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀཱ་ར་དང་བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱི་འགྱུར་
༡།
སྤྱོད་པ་བསྡུས་པའི་སྒྲོན་མ་ཇོ་བོས་ནེ་པཱ་ལའི་ཡུལ་དུ་གྲོགས་པོའི་དོན་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བའི་འགྱུར་
༢།
བདེན་པ་གཉིས་ལ་འཇུག་པ་གསེར་གླིང་རྒྱལ་པོས་དགེ་སློང་དེ་ཝ་མ་ཏི་བཏང་བའི་ངོར་ཇོ་བོས་མཛད་པ་པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གི་འགྱུར་
༣།
དབུ་མའི་མན་ངག་ཇོ་བོ་དང་ནག་ཚོ་ལོ་ཙཱ་བའི་འགྱུར་
༤།
སྙིང་པོ་བསྡུ་བ་ཇོ་བོ་དང་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དེ་བ་རྩའི་འགྱུར་
༥།
སྙིང་པོ་ངེས་པར་བསྡུ་བ་ཇོ་བོས་སྙེ་ཐང་དུ་མཛད་པ་པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བའི་འགྱུར་
༦།
བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ཇོ་བོ་ཉིད་ཀྱིས་སྒྲ་རང་བསྒྱུར་དུ་མཛད་པ་
༧།
བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་དུ་བྱས་པ་འགྱུར་བྱང་མི་གསལ་བ་
༨།
འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ་ཇོ་བོ་དང་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་བསྒྱུར་བ་ལ་སླར་ཡང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་འགྱུར་བཅོས་མཛད་པ་
༩།
ཚུལ་ཁྲིམས་ཀྱི་སྤྱོད་པའི་གླུ་པཎྜི་ཏ་བཛྲ་པཱ་ཎི་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར་
༡༠།
ཆོས་ཀྱི་དབྱིངས་སུ་