R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 116
[A:116]གསུངས་ཡི་གེ་བཞི། སྒོ་དྲུག་ཆོས་འབྲེལ། སྤོད་ནག་མ། ལམ་སྐོར་ཕྱི་མ་བརྒྱད། འཕགས་པ་རིན་པོ་ཆེའི་རྡོ་རྗེ་ཚིག་རྐང་འགྲེལ་པཐེག་ཆེན་པའི་ལམ་བསྡུས་དབང་རྒྱས་འབྲིང་བསྡུས་གསུམ་ལེན་པ་དང་ལམ་འབྲས་གསོལ་འདེབས་གཉིས་ལ་འདི་ཀའི་ཁ་སྐོང་དང་བཅས་པ། རྗེ་མུ་སྲད་པའི་ལམ་འབྲས་ལམ་སྐོར་བཅས་པའི་དཀར་ཆག ། འཇམ་དབྱངས་བྱང་ཆུབ་དབང་རྒྱལ་གྱིས་མཛད་པའི་བླ་མའི་རྣལ་འབྱོར་ངག་འདོནཉི་གླིང་རྗེས་ལམ་འབྲས་ཀྱི་ཁོག་ཏུ་འཇུག་པ་གནང་བ་དྲི་ལན་རྨོངས་པའི་མུན་སེལ། ལུང་མེད་པ་ཐམས་ཅད་མཁྱེན་པས་མཛད་པའི་ལམ་འབྲས་ཁྲིད་འཆད་ཐབས་སོ། །དེ་རྣམས་ལས་བརྒྱུད་པའི་རྣམ་གྲངས་སོ་སོར་འདྲེན་པ་ནི། ཉི་གླིང་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་དཔལ་བཟང་པོའི་ཞལ་སྔ་ནས་ཀྱིས་དམ་ཆོས་གླིང་པ་བླ་ཆེན་ཡེ་ཤེས་དབང་པོ་ལ་གསན་པའི་སྐོར་ནི། ཁྲིད། རྡོ་རྗེ་ཚིག་རྐང༌། འཁོར་འདས་དབྱེར་མེད་རྩ་བ། ཕྲིན་ལས་སོ་གཉིས་རྩ་ཚིག་ལག་ལེན། ལམ་ཟབ་ཐུན་མོང༌། བིར་བསྲུང་ཐུན་མོང་བ་གོ་ཆ་ལྔ་སྲུང༌། གཞན་ཡང་ལམ་འབྲས་གླེགས་བམ་དང༌། ཕྲ་མོ་ལས་ཇི་ལྟར་རིགས་པའི་ལུང་མན་ངག་བཤད་མཛོད་ནས་གཞུང་བཤད་ཇི་ལྟར་རིགས་པ་དང་བཅས་པའི་བརྒྱུད་པ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང༌། དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་བདག་མེད་མ། མཐུ་སྟོབས་ཀྱི་དབང་ཕྱུག་མགོན་པོ་བི་རཱུ་པ། ཤར་ཕྱོགས་ནག་པོ་པ། ཌ་མ་རུ་པ། ཨ་བ་དྷཱུ་ཏཱི་པ། པཎ་ཆེན་ག་ཡ་དྷ་ར། སྒྲ་བསྒྱུར་འབྲོག་མི་ལོ་ཙཱ། སེ་སྟོན་ཀུན་རིག །ཞང་དགོན་པ་བ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རྩེ་མོ། རྣལ་འབྱོར་དབང་ཕྱུག་གྲགས་པ་རྒྱལ་མཚན། གནས་ལྔ་ཡོངས་སུ་རྫོགས་པའི་པཎ་ཆེན། འགྲོ་མགོན་ཆོས་ཀྱི་རྒྱལ་པོ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། ཡང༌། ས་སྐྱ་པཎ་ཆེན། ཚོགས་སྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། ན་བཟའ་བྲག་ཕུག་པ་བསོད་ནམས་དཔལ། དཔལ་