R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 118
[A:118]རྒྱལ་མོ་ལྕམ། མྱང་སྒོམ་པ། དེ་ལ་མཁན་པོ་སྨོན་མཁར་བ་དང༌། ཁ་རེག་གི་མྱོས་ཆོས་ཀྱི་གཟི་བརྗིད་གཉིས། དེ་གཉིས་ཀ་ལ་ཀོ་བྲག་པ་བསོད་ནམས་རྒྱལ་མཚན། དེ་ལ་ཁམ་ཆེན་བྱང་ཆུབ་དཔལ། དེ་ལ་འཛིན་པ་རྒྱལ་མཚན་དཔལ། དེ་ལ་གངས་ཁྲོད་པའོ། ། གཞན་ཡང་བརྒྱུད་པའི་རྣམ་གྲངས། ཀྱེ་རྡོར་ལུས་དཀྱིལ་དབང༌། ཞང་དཀོན་དཔལ། སློབ་དཔོན་ཀུན་དཔལ། ལོ་མཆོག །དཔལ་ལྡན་སེང་གེ །ཆོས་རྗེ་བླ་མའོ། །ཡང༌། ཆོས་རྗེ་བླ་མ། མཁན་ཆེན་ཤེར་རྡོར། ཆོས་སྒོ་བ། བྲག་ཐོག་པའོ། །ཡང༌། ལམ་ཟབ་བླ་མ༑ ཆོས་རྗེ་བླ་མ། དཀོན་མཆོག་བཀྲ་ཤིས། བྲག་ཐོག་པའོ། །ཡང༌། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ལ། འབྲི་ཁུང་མཁན་ཆེན་དང༌། ལྕང་ལོ་ཅན་པ་གཉིས། དེ་གཉིས་ཀ་ལ་འཇམ་དབྱངས་བྱང་ཆུབ་དབང་རྒྱལ་ལོ། །ཡང༌། ཐེག་ཆེན་པས། བིར་བསྲུང༌། ཀུན་མཁྱེན་གངས་པ་ལ་དང༌། མན་ངག་བཤད་མཛོད། ཆོས་རྗེ་བླ་མ་ཉིད་ལའང་གསན་ནོ། །འཇམ་དབྱངས་བྱང་ཆུབ་དབང་རྒྱལ་གྱིས། ལམ་ཟབ་བླ་མ་དང་བིར་བསྲུང་གཉིས་ཀྱི་བྱིན་བརླབས། རྗེ་ཐམས་ཅད་མཁྱེན་པ་ཆེན་པོ་ཉིད་ལའང་གསན་ནོ༑ ༑ ཡང༌། ལམ་འབྲས་ཉེ་བརྒྱུད་ནི། རྣལ་འབྱོར་དབང་ཕྱུག་བིརྺ་པ། བླ་མ་ས་སྐྱ་པ་ཆེན་པོ་སོགས་སོ། །གཞན་ཡང༌། རྗེ་བཙུན་སྐུ་མཆེད། ཆོས་རྗེ་ཁུ་དབོན་སོགས་ནས། རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཉིད་དང་བཅས་པ་ལ། དཔལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་ཀྱིས་ཞལ་གཟིགས་ནས། ལམ་འབྲས་སོགས་དཀའ་གནད་རྗེས་སུ་གནང་བ་སོགས་ངོ་མཚར་ཡིད་ཆེས་ཁྱད་པར་དུ་འཕགས་པ་དང་ལྡན་པའོ། །ད་ནི་བཀའ་དྲིན་མཚུངས་མེད་དེ་ལས་ལམ་འབྲས་ཀྱི་ཡིག་ཆའི་ལུང་གི་རིམ་པ་ཐོབ་པའི་ཐོ་བཀོད་པ་ལ། རྗེ་བཙུན་ཆེན་པོས་བསྒྲིགས་པའི་ལམ་འབྲས་གླེགས་བམ་ལས། གླེགས་བམ་དཀར་ཆག །རྣམ་འགྲེལ་གཉག་མ། དེའི་གསལ་བྱེད་ཉེར་གསུམ་སྟེ། སྡོམ་ནི། རྒྱུ་