R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 425
[A:425]འཐོར་བ་རྙེད་ན་ས་བཅད་ཀྱི་དོན་དང་བསྟུན་ནས་འཇུག་པར་བྱའོ། ། ༈ ས་སྐྱ་གུར་གྱི་མགོན་པོ་དང༌། གཉན་མགོན་ཞལ་བཞི་པའི་ཆོས་སྐོར་རྣམས་ཀྱི་ལུང་ཆ་ཤས་ཙམ་ཐོབ་པ་ལ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ་ལ་འཇམ་དབྱངས་བྱང་ཆུབ་དབང་རྒྱལ་གྱིས་གསན། དེ་ལ་ཡོངས་འཛིན་ཤཱཀྱ་ཀུན་དགའ། དེའི་གསན་ཡིག་ཏུ་གསལ་བ་རྣམས། ཉི་མ་གླིང་པ་རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས་ཞལ་སྔ་ནས་ཀྱིས་གླེགས་བམ་གཅིག་ཏུ་བསྡེབས་པ་འདི་ཡིན་ལ། ལ་ལ་དག་ཐམས་ཅད་མཁྱེན་པས་བསྒྲིགས་པའི་པུསྟ་ཀ་ཡོངས་རྫོགས་ལུང་བཀླག་པ་བྱུང་འདུག་པའི་བརྒྱུད་པ་ཡོངས་འཛིན་ཤཱཀྱ་ཀུན་དགའ་ལ་ཐུག་ཕྱིན་ངལ་བ་ལས་དོན་མེད་དོ། །དེ་ནས་གངྒཱའི་ཆུ་རྒྱུན་ལས། འཁོན་རིགས་འཇམ་དཔལ་རྡོ་རྗེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བསྟན་པ་བསྲུང་བའི་ཆོས་སྐྱོང་གྲངས་མེད་པ་ཞིག་བཀའ་བབས་པའི་ནང་ནས་གཙོ་བོར་གྱུར་པ་མ་གྷ་དྷ་རྡོ་རྗེ་གདན་གྱི་སྒོ་སྐྱོང༌། འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་སྲུང་མའི་གཙོ་བོ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ནི། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ནག་པོ་ཆེན་པོ་འདི། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ༌། །ཞེས་པ་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་སྤྲུལ་པར་བསྟན་པས་བསྟན་སྲུང་ཀུན་གྱི་གཙོ་བོ་སྟེ། ཞེས་གསུངས་པ།
ལ་ལ་དག་རྒྱལ་འགོང་ཕོ་གདོན་མོ་གདོན་ལ་ཆོས་སྐྱོང་གི་མིང་བཏགས་ནས་གཏན་གྱི་སྐྱབས་གནས་སུུ་བྱེད་པ་དེ། སྐྱབས་སྡོམ་འཇིག་པ་ལས་འབྲས་བུ་གཞན་མེད་དོ། །ཞེས་བྱ་བའི་དགོངས་པར་མངོན་ནོ། །
དེ་ཡང་ཆོས་སྐྱོང་འདི་ཉིད་ཀྱི་དབང་སྔོན་དུ་ཐོབ་ཚུལ་ལེའུ་བཞི་པ་དང༌། རྗེས་གནང་ཐོབ་ཚུལ་ལེའུ་དྲུག་པར་གསལ་ལོ། །དཀར་ཆག་གི་མགོར། ན་མཿསངྒུུ་རུ་པཱ་དཱ་ཡ། ནས། ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་