R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 138
[A:138]འཛིན་པ། །གཏུམ་མོའི་མན་ངག་མངའ་བདག་ག་ཡ་དྷར། །གཞན་རྣམས་སྔར་དང་འདྲ། ༈ ཡང༌། སློབ་དཔོན་དེའི་ཡོན་པོ་སྲོང་བའི་བརྒྱུད་པ་ནི། འབྲས་བུ་ཡོན་པོ་བསྲང་བ་རྡོ་རྗེ་འཆང༌། །ཡེ་ཤེས་ཡོན་པོ་བསྲང་བ་རྣལ་འབྱོར་མ། །ཐིག་ལེ་ཡོན་པོ་བསྲང་བ་ཛ་ལན་དྷ༑ ༑རླུང་སེམས་ཡོན་པོ་བསྲང་བ་ནག་པོ་པ། །རྩ་ཡིག་ཡོན་པོ་བསྲང་བ་དཔལ་འཛིན་པ༑ ༑ཡོན་པོ་སྲོང་བའི་ལམ་སྟོན་ག་ཡ་དྷར། །གཞན་རྣམས་སྔར་དང་འདྲ། གཏུམ་མོ་ལམ་རྫོགས་དང་ཡོན་པོ་བསྲང་བ་གཉིས་ཀྱི་གསལ་བྱེད་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའོ། ༈ །སློབ་དཔོན་ངག་དབང་གྲགས་པའི་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་གསལ་བྱེད་རྗེ་བཙུན་གྱིས་མཛད་པའི་བརྒྱུད་པ་ནི། ཐབས་མཆོག་བླ་ན་མེད་པ་རྡོ་རྗེ་འཆང༌། །ཤེས་རབ་ཡི་གེ་མེད་པ་སྒྲོལ་མའི་ཞབས། །བཞི་པ་ཡི་གེ་མེད་པ་ངག་དབང་གྲགས། །བདེ་ལ་ཡི་གེ་མེད་པ་འབྱུང་གནས་ལྷ། །གསང་བ་ཡི་གེ་མེད་པ་ཨ་མོ་གྷ། །ཡི་གེ་མེད་པའི་ལམ་སྟོན་གྷ་ཡའི་ཞབས། །གཞན་རྣམས་སྔར་དང་འདྲ། དེ་ལྟར་བརྒྱད་དོ། ༈ །ཡང༌། གོང་པདྨ་བཛྲའི་ལམ་གྱི་ཁོག་རྫོགས་རིམ་མར་མེའི་རྩེ་མོ་ལྟ་བུ་འབྲོག་མིས་བསྒྱུར་བའང་ཞུས། འདི་གསན་ཡིག་རྒྱ་མཚོའི་མཚོ་སྐྱེས་རྡོ་རྗེས་མཛད་པའི་རྫོགས་རིམ་གྱྀ་མན་ངག་ཅེས་པ་དང་མཚུངས་སམ་སྙམ་ཞེས། རྡོ་རྗེ་འཆང་ཚུལ་ཁྲིམས་ཞབས་ཀྱི་གསན་ཡིག་ན་ཐུགས་དོགས་ཟོས་པ། ལུ་ཕུ་བླ་བྲང་གི་ཕྱག་དཔེ་ན། མཚོ་སྐྱེས་རྡོ་རྗེས་མཛད་པ་ག་ཡ་དྷ་ར་དང༌། འབྲོག་མིས་བསྒྱུར་བའི་དཔེ་ཚན་གཅིག་འདུག་པས་གསན་ཡིག་རྒྱ་མཚོ་དང་མཐུན་ནོ། །དེའི་ལུང་ཐོབ་པའི་བརྒྱུད་པ་ནི། འབྲོག་མི། གསལ་སྙིང༌། སྒྱི་ཆུ་བ། ས་ཆེན། རྩེ་མོ། གྲགས་པ། ས་པཎ། གྲུབ་ཐོབ། ལ་རུ། དེ་གཉིས་ལ་མཁན་པོ་གྲགས་པ་དཔལ། བླ་མ་མགོན་པོ་དཔལ། དེ་གཉིས་ལ་རིན་པོ་ཆེ་གྲགས་ཚུལ། མཁན་ཆེན་རྒྱལ་བཟངས། ཐེག་ཆེན་པ་མན་གོང་བཞིན་ནོ། ༈ །རྗེས་འབྲང་ཉེར་