R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 145
[A:145]གསར། བླ་མ་རྒྭ་ལོ། བླ་མ་ཤེས་རབ་སེང་གེ །བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེའོ། །ཡང་ན། རྗེ་བཙུན་མ། ཀླུ་སྒྲུབ། ཉི་མ་སྦས་པ། དཱ་ན་ཤྲཱིའོ། །ཡང་ན། མལ་ལོ། པུ་ཅེར་ལོ་ཙཱ་བ་རྒྱལ་མཚན་ཚུལ་ཁྲིམས། ལ་སྟོད་པ་དབང་ཕྱུག་རིན་ཆེན། མཆིམས་ཆོས་སེང༌། མཆིམས་བློ་གྲོས་བརྟན་པ༑ མཆིམས་ནམ་མཁའ་གྲགས། འཕགས་པ་རིན་པོ་ཆེ། བླ་མ་བསོད་ནམས་སེང་གེ། གུ་རུ་པྲ་བྷ་སིདྷི། མངའ་རིས་པ་གྲགས་པ་འོད་ཟེར། རྡོ་རྗེ་འཛིན་པ་དཔལ་ལྡན་བློ་གྲོས། བྲག་ཐོག་པ་ཆེན་པོའོ། །ཡང༌། གཙོ་འདི་ཆེ་སྟེ། རྗེ་བཙུན་སྒྲོལ་མ། ཉི་མ་སྦས་པ། དཱ་ན་ཤྲཱི༑ མཉྫུ་ཤྲཱི། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། བླ་མ་ཡེ་ཤེས་རིན་ཆེན། བླ་མ་འཁོན་སྟོན། བླ་མ་ཀླུ་བྱང་པ། བླ་མ་དཔལ་ལྡན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ། མཁས་གྲུབ་རིགས་པའི་གློག་ཕྲེང༌། བླ་མ་མ་ཎི་བཛྲ། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཆང་བསོད་ནམས་མཆོག་ལྡན། དེས་བདག་ལའོ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ་དབང་རྗེས་གནང༌། ལུང་མན་ངག་བསམ་གྱིས་མི་ཁྱབ་ཀྱང༌། དཔལ་ས་སྐྱ་པ་ལ་བརྒྱུད་པ་བཞི་ལས་བཀའ་བབས་པ་སྟེ། བླ་མ་བ་རི་ལོ་ཙཱ་ནས་བཀའ་བབས། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་གཞུང་ལ་བརྟེན་པའི་མགོན་རྐྱང་སྒྲུབ་ཐབས་བརྒྱ་རྩའི་ནང་དུ་བཞུགས་པ་དང༌། ཀཱིརྟི་པཎ་ཆེན་ནས་བརྒྱུད་པ། ཡར་ཀླུང་གྲགས་རྒྱལ་གྱིས་བསྒྱུར་བ་རྒྱ་མཚོ་ན་བཞུགས་པ་གཉིས་གཅིག་ཏུ་བསྡོམས་པ་དང༌། ག་ཡ་དྷ་ར་ནས་བརྒྱུད་པ་ལམ་འབྲས་མགོན་རྐྱང་དང༌། མལ་ལོ་ཙཱ་ནས་བརྒྱུད་པ་རྣམས་