R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 146
[A:146]དང༌། པཎ་ཆེན་ཤཱཀྱ་ཤྲཱི་ནས་ས་སྐྱ་པཎྜི་ཏ་ལ་བཀའ་བབས་པ་གསང་སྒྲུབ་སྤུ་གྲི་སྐོར་གསུམ་དུ་གྲགས་པའོ། །དེ་ཡང་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔའི་དབང་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པའི་དཀྱིལ་ཆོག་ལ་བརྟེན་ནས་རྒྱ་གཞུང་ལུགས་སུ་གྲགས་པའི་རིག་པའི་དབང་ལྔ། སློབ་དཔོན་གྱི་དབང༌། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་བཟླས་ལུང༌། གཏོར་དབང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་ཌཱ་ཀི་མ། ཡན་ལག་མེད་པའི་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཨིནྡྲ་བྷཱུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། ག་ཡ་དྷ་ར། བླ་ཆེན་འབྲོག་མི། སེ་སྟོན་ཀུན་རིག །ཞང་སྟོན་ཆོས་འབར། ས་ཆེན་ཀུན་སྙིང༌། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ས་སྐྱ་པཎ་ཆེན། བླ་མ་ཤེས་རབ་འབྱུང་གནས། བླ་མ་རྡོ་རྗེ་འོད་ཟེར། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགསབླ་མ་ཀུན་བསོད་པབླ་མ་གཞོན་ཚུལ་བམཁན་ཆེན་ཤེས་རབ་རྡོ་རྗེཆོས་སྒོ་བ་ཆོས་དཔལ་ཤེས་རབབྲག་ཐོག་པ་བསོད་ནམས་བཟང་པོཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའཇམ་དབྱངས་བྱང་ཆུབ་དབང་རྒྱལཡོངས་འཛིན་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན
ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས། རྗེ་རིན་ཆེན་རྒྱ་མཚོ། བྱམས་པ་བསྟན་པ་རྒྱ་མཚོ། རྡོ་རྗེ་འཆང་བློ་གྲོས་དབང་ཕྱུག ། མཁན་ཆེན་ཆོས་དབང་རྒྱ་མཚོ། བླ་ཆེན་ཀུན་དགའ་ཆོས་འཕེལ། བྱམས་པ་ཡེ་ཤེས་རྣམ་རྒྱལ། མཚུངས་མེད་བྱམས་པ་ཕུན་ཚོགས་ཆོས་འཕེལ། དེས་བདག་ངག་མིང་ལའོ། །
པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། དེས་བདག་ལའོ།
༈ །ཡང༌། གྲི་གུག་ལྷ་ལྔ་ཐུན་མོང་མ་ཡིན་པ། ག་ཡ་དྷ་ར་ནས་བརྒྱུད་པ་མན་ངག་ལུགས་དབང་བཞི་དང་བཅས་པའི་ཡིག་ཆ་མགོན་པོ་རྣམ་རོལ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་དང༌། འཇམ་དབྱངས་གྲགས་པའི་དཔལ་གྱིས་མཛད་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའི་ལྷན་ཐབས་སྦྱར་བའི་སྟེང་ནས་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། དམ་