R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 147
[A:147]པ་ཀུན་དགའ་གྲགས་ཡན་གོང་བཞིན་ལས། དམ་པ་ལ་རོང་མི་ཡེ་ཤེས། ཏྲེ་བོ་རྡོ་རྗེ་གྲགས། བག་སྟོན་པ། བླ་མ་ཚུལ་རྒྱལ་བ། བླ་མ་ངག་དབང་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོ༑ ཆོས་རྗེ་ཀུན་དགའ་རྒྱལ་མཚན་ནམ་མཚན་གཞན་འཇམ་དབྱངས་གྲགས་པའི་དཔལམཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། སྔགས་འཆང་ཚེ་དབང་བཀྲ་ཤིས། བླ་མ་རྣམ་རྒྱལ་བཀྲ་ཤིས། འཇམ་དབྱངས་དབང་ཕྱུག་རྒྱལ་མཚན
ཉི་གླིང་ཚུལ་ཁྲིམས་བཀྲ་ཤིས་ནས་གོང་ལྟར་བདག་ལའོ། །
པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། དེས་བདག་གོ ༈ །ཡང༌། གུར་མགོན་ལྷ་བརྒྱད་མའི་དབང་དང༌། ལྷ་བཅུ་གཉིས་མའི་དབང་རྒྱ་གཞུང་ལུགས་རིག་པའི་དབང་ལྔ། སློབ་དཔོན་གྱི་དབང་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་རྗེས་གནང༌། བཟླས་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། བདེ་བའི་རྡོ་རྗེ་ནས་འཕགས་པ་ཡན་གུར་ལྷ་གསུམ་མའི་རྗེས་གནང་བརྒྱུད་པ་བཞིན། འཕགས་པ་རིན་པོ་ཆེ། བཀྲས་ལུང་པ། དགེ་སྡིངས་པ་ཆེན་པོ། སངས་རྒྱས་དཔལ། རིན་ཆེན་གླིང་པ། རིན་ཆེན་རྡོ་རྗེ་བ། ཐེག་ཆེན་པ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང༌། བྲག་ཐོག་པ་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པའཇམ་དབྱངས་བྱང་ཆུབ་དབང་རྒྱལདཔལ་ཤཱཀྱ་ཀུན་དགའའཇམ་དབྱངས་དབང་ཕྱུག་རྒྱལ་མཚན
པཎ་ཆེན་ཚུལ་ཁྲིམས་བཀྲ་ཤིས་ནས་གོང་ལྟར་བདག་ལའོ། །
པཎ་ཆེན་དཔལ་ལྡན་ཚུལ་ཁྲིམས། དེས་བདག་གོ ༈ །ཡང༌། གུར་གྱི་མགོན་པོ་ལ་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བའི་དབང་དུར་ཁྲོད་ནག་པོའི་རྒྱུད་ཀྱི་རྗེས་སུ་འབྲངས་པ། རིག་པའི་དབང་ལྔ། སློབ་དཔོན། རྗེས་གནང༌། བཟླས་ལུང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང༌། བྲམ་ཟེ་མཆོག་སྲེད། བདེ་བའི་