[A:163] འོད་མཛད་ལྷ། ཆོས་ཀྱི་འབྱུང་གནས་ཞི་བ། བི་ཁྱཱ་ཏ་དེ་ཝ། ཁ་ཆེ་པཎ་ཆེན། ས་པཎྜི་ཏའོ། །ཡང༌། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཏི་ལོ་པ། ནཱ་རོ་པ། མར་པ། ཚུར་སྟོན་དབང་ངེ༌། འཁོན་གད་པ་ཀཱིརྟི། འགར་སྟོན། གཉེན་རྩེ་བ། གོ་ལུང་པ་ཡེ་རྒྱལ། རོང་སྟོན་མཁན་པོ། ཕུག་རི་པ་བྱང་ཆུབ་གཟུངས། ཤོང་བློ་བརྟན། ལོ་མཆོག །ཡང༌། རྡོ་རྗེ་འཆང༌། བྱང་སེམས་བློ་གྲོས་རིན་ཆེན། ཀླུ་སྒྲུབ་བོ། །ཡང༌། ལོ་མཆོག །དཔལ་ལྡན་སེང་གེ །མཁན་ཆེན་ཤེར་རྡོར་རོ།
༈ །དཔལ་གསང་འདུས་འཇམ་དཔལ་རྡོ་རྗེ་ལྷ་བཅུ་དགུ་སངས་རྒྱས་ཡེ་ཤེས་ཞབས་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར། མངོན་རྟོགས་འཕགས་པ་རིན་པོ་ཆེ། དཀྱིལ་ཆོག་ཐེག་ཆེན་པའི་སྟེང་ནས་བརྒྱུད་པའི་བཀའ་བབས་དྲུག་དང་ལྡན་པའི་དབང་བཞི་རྫོགས་པར་ནོས་པའི་ལོ་ཆེན་རིན་ཆེན་བཟང་པོ་ནས་བརྒྱུད་པ་ནི། འཇམ་དཔལ་དབྱངས་དང་གཉིས་སུ་མེད་པའི་སློབ་དཔོན་ཨ་བ་དྷཱུ་ཏཱི་པ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། ཀུན་དགའ་སྙིང་པོ། ཐ་ག་ན། ཤཱནྟི་པ། ཤྲདྡྷ་ཀཱ་ར་ཝརྨྨ། པདྨ་ཀཱ་ར་ཝརྨ། དེ་གཉིས་ཀ་ལ་ལོ་ཆེན་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། དགེ་བཤེས་སྐྱབས་སེང༌། རྡོ་རྗེ་སྲ་བརྟན། དཀོན་མཆོག་འབར། དགེ་བཤེས་དབང་རིན་པ། ཁམས་པ་ས་ཕུག་པ་ཤཱཀྱ་རྡོ་རྗེ། རོང་པ་ཆོས་མགོན། ལོ་མཆོག་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ །བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ལོ་ཙཱ་བ་སྐྱབས་མཆོག་དཔལ། བླ་མ་ནམ་མཁའ་འོད་ཟེར། ལོ་ཆེན་ཤེས་རབ་རིན་ཆེན། ཐམས་ཅད་མཁྱེན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ། མཁས་གྲུབ་རིགས་པའི་གློག་ཕྲེང༌། འཇམ་དབྱངས་གྲགས་པའི་བ་དན། རྗེ་བཙུན་ཚེ་དབང་ཀུན་མཁྱེན། བླ་ཆེན་ཡེ་ཤེས་དབང་པོ། སློབ་དཔོན་ཤཱཀྱ་བསམ་གྲུབ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས། རྩ་བའི་བླ་མ་རིན་ཆེན་རྒྱ་མཚོ།
དགེ་སློང་ཀུན་དགའ་དངོས་གྲུབ། བྱམས་པ་བསྟན་པ་རྒྱ་མཚོ།