R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 96
[A:96]དཔལ་ལྡན་ཚུལ་ཁྲིམས། གསང་སྟོན་པ་ཉེ་བ་འཁོར་ལྟ་བུ་སྐྱེད་ཚལ་སློབ་དཔོན་ངག་དབང་བསྟན་འཛིན། དུས་གོ་བརྗོད་པ་བླ་མ་རབ་འབྱམས་སྨྲ་བ་རིན་ཆེན་རྒྱ་མཚོ། ཁ་སྐོང་པཎ་ཆེན་ཤཱཀྱ་མཆོག་ལྡན་དང༌། དེ་ཉིན་སྔ་དྲོའི་བསྒྲུབ་བྱ་དྲུག་དང་བཅས་པ་རྣམས་ཀྱི་ཞབས་དྲུང་དུ་ཚུལ་གསུམ་རིམ་གྱིས་ནོས་པའི་དགེ་སློང་གི་དངོས་པོར་གྱུར་ཏོ། ། བརྒྱུད་པ་ནི། ཐུབ་དབང་ཤཱ་རིའི་བུ་དང་སྒྲ་གཅན་འཛིན། །བྲམ་ཟེ་སྒྲ་གཅན་འཛིན་དང་ཀླུ་སྒྲུབ་ཞབས། །གུ་ཎ་མ་ཏི་རིན་ཆེན་བཤེས་གཉེན་དང༌། །དྷརྨ་པཱ་ལ་གུ་ཎ་པ་ཏི་དང༌། ། ཆོས་ཀྱི་ཕྲེང་བ་འབྱུང་གནས་སྦས་པ་དཔལ། ཁ་ཆེ་པཎ་ཆེན་འཇམ་དབྱངས་ས་པཎ་ཞབས། །འོད་ཟེར་རྒྱལ་མཚན་གྲགས་རྒྱལ་གཟུངས་ཀྱི་དཔལ། །དགེ་བཟང་ཨཱ་ནནྟ་པ་ཆོས་རིན་ཞབས། །བརྩོན་འགྲུས་རྒྱ་མཚོ་ཆོས་རྒྱལ་དཔལ་འབྱོར་དང༌། །ནམ་མཁའ་རྒྱལ་མཚན་ནམ་མཁའ་རྒྱ་མཚོ་དང༌། །བྱམས་པ་ངག་དབང་ཀུན་དགའ་བསོད་ནམས་དང༌། །ཚུལ་ཁྲིམས་བཀྲ་ཤིས་ཞབས་ཀྱིས་བདག་ལ་བསྩལ། །སོ་ཐར་སྡོམ་པའི་ལེའུ་སྟེ་གཉིས་པའོ།། །། ༈ ཐེག་པ་ཆེན་པོ་ཐམས་ཅད་ཀྱི་རྩ་བར་གྱུར་པ་དབུ་མ་ལུགས་ཀྱི་སེམས་བསྐྱེད་ས་སྐྱ་པཎྜི་ཏའི་སེམས་བསྐྱེད་ཆེན་མོ་དང༌། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱིས་མཛད་པ་ནས་བྱང་སྡོམ་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་ཤཱཀྱ་ཐུབ་པ། རྗེ་བཙུན་འཇམ་དབྱངས། འཕགས་པ་ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག །སློབ་པའི་རྡོ་རྗེ། དགྲ་ལས་རྣམ་རྒྱལ། རྡོ་རྗེ་གདན་པ་ཆེ་ཆུང་གཉིས། པུ་ཎྱ་ཤྲཱི༑ བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། འགྲོ་མགོན་འཕགས་པ།
འདིར་དུས་ཞབས་པ་ཆད་དམ་བརྟག །
འཇམ་དབྱངས་འཁོན་སྟོན། རིན་ཆེན་མགོན་པོ། རྒྱལ་སྲས་ཐོགས་མེད། ལོ་ཆེན་