R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 97
[A:97]བྱང་ཆུབ་རྩེ་མོ། ཤར་པ་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་ཀུན་དགའ་བཟང་པོ། དཀོན་མཆོག་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིངས་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །བླ་མ་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། ས་གནས་ཀྱི་སེམས་དཔའ་ཆེན་པོ་མགོན་པོ་བསོད་ནམས་མཆོག་ལྡན། རྒྱལ་བའི་མྱུ་གུ་ཚུལ་ཁྲིམས་བཀྲ་ཤིས། དེ་གཉིས་ཀྱིས་རིགས་ཀྱི་བུ་ཕྲིན་ལས་རྣམ་རྒྱལ་ལ་དགྱེས་པ་ཆེན་པོས་སྩལ་ལོ། །ཡང་འཕགས་པ་རིན་པོ་ཆེ་ནས། སྒྲོན་མོན་ཅན་པ་རིན་ཆེན་དཔལ་བཟང༌། རིན་ཆེན་མགོན་པོ་མན་འདྲ། ཡང་ན། ས་པཎ། བོ་དོང་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བསོད་ནམས་སེང་གེ །ཀུན་མཁྱེན་བུ་སྟོན། འཇིག་རྟེན་དབང་ཕྱུག་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་མན་འདྲའོ། ། ཐོབ་ཡིག་བུམ་པ་བཟང་པོ་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་ལེའུ་སྟེ་གསུམ་པའོ།། །། ༈ འབྲས་བུའི་ཐེག་པ་གསང་སྔགས་གསར་མ་ལ་རྡོ་རྗེ་གུར་གྱི་དགོངས་པས་རྒྱུད་སྡེ་བཞིར་གསུངས་པ་ལས། རྣལ་འབྱོར་བླ་མེད་སྐོར་ལ། ཐབས་ཤེས་གཉིས་སུ་མེད་པའི་རྒྱུད། ཤེས་རབ་གཙོ་བོར་སྟོན་པ་མ་རྒྱུད། ཐབས་གཙོ་བོར་སྟོན་པ་ཐབས་རྒྱུད་གསུམ་གྱི་དང་པོ་ལ། རྒྱ་ཆེ་བ་གཙོ་བོར་སྟོན་པ་དཔལ་དུས་ཀྱི་འཁོར་ལོ། ཟབ་པ་གཙོ་བོར་སྟོན་པ་དཔལ་ཀྱེ་རྡོ་རྗེ་གཉིས་ཀྱི་དང་པོ་ནི། དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད་ལས་དཀྱིལ་འཁོར་བརྒྱ་དང་བརྒྱད། རྗེས་གནང་བཞི། མན་ངག ། རིག་གནས་སོགས་མཐའ་ཡས་པ་གསུངས་པའི་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་དབང་ཐོབ་པ་ནི།
སྟོན་པས་ཤིང་ཕོ་རྟའི་ལོ་ས་ག་ཉ་བའི་ཚེས་ཟག་པ་མེད་པའི་བདུད་རྩི་མཆོག་མངོན་པར་མཛད་ནས་ལོ་བཞི་དྲུག་འདས་པ་ལྕགས་འབྲུག་ནག་པའི་ཟླ་བར། གསན་ཡིག་རེ་ཁར་ཆུ་ལུག་ལོ་ཞེས་པ་གསལ། ཤྲཱྀ་དྷ་ནྱ་ཀ་ཊ་ཀའི་