R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 181
[A:181]འཕགས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ། ཆོས་རྗེ་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན། བུ་སྟོན་ཆོས་ཀྱི་རྗེ་རིན་ཆེན་གྲུབ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོ།
འདིར་བླ་མ་གཉིས་ཙམ་མ་རྙཻད། བླ་མ་མང་ཐོས་རྒྱ་མཚོ། བླ་མ་བློ་གྲོས་ཐོགས་མེད་ཡིན།
བཀའ་ཆེན་ནམ་མཁའ་རྣམ་རྒྱལ། རྗེ་དབང་ཕྱུག་རྒྱལ་མཚན། རྡོ་རྗེ་འཛིན་པ་བསོད་ནམས་མཆོག་ལྡན།
འབྲས་གླིང་ངག་དབང་ཨུ་རྒྱན། བྱམས་པ་ངག་དབང་སྦྱིན་པ། ཆོས་དཔལ་བཟང་པོ། དགེ་ལེགས་ཀུན་དགའ་དར་རྒྱས། ཆོས་རྗེ་ཕུན་ཚོགས་རྣམ་རྒྱལ། དགེ་ལེགས་དགེ་འདུན་ཡར་འཕེལ། བྱམས་པ་བསྟན་འཛིན་ཚུལ་ཁྲིམས། དེས་བདག་ཤཱི་ལ་དྷྭ་ཛ་ལའོ། །
དེས་བདག་གོ ༈ །གསུམ་པ་དུམ་བུ་གཉིས་པའི་ངན་འགྲོ་དགུག་ཅིང་སྡིག་པ་དྲལ་བ་ལས་འཕྲོས་པའི་རྒྱུད་དམ་ཆ་མཐུན་གྱི་རྒྱུད་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་གཟི་བརྗིད་རྒྱལ་པོའི་བརྟག་པ་ནས་དཀྱིལ་འཁོར་བཅུ་གཉིས་གསུངས་པ་ལས། ཀུན་རིག་རྩ་བའི་དཀྱིལ་འཁོར་རྩ་བའི་ལྷ་སོ་བདུན། མགྲོན་ཐབས་ཀྱི་ལྷ་དྲུག་ཅུ། ཁོར་ཡུག་ཏུ་འཇིག་རྟེན་པ་དང་བཅས་པའི་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་དུ། གཞན་ཕན་འོད་ཟེར་གྱི་ངག་འདོནགཞན་ཕན་སྣང་བ་ནས་དབང་ཐོབ་པའི་བརྒྱུད་པ་ནི། ས་ལུགས་ལྟར་ན། ཡང་དག་པར་རྫོགས་པའི་སངས་རྒྱས། ཕྱག་ན་རྡོ་རྗེ། རྒྱལ་པོ་རབ་གསལ་ཟླ་བ། སློབ་དཔོན་རབ་འབྱོར་སྐྱངས། སློབ་དཔོན་ཀུན་དགའ་སྙིང་པོ། སློབ་དཔོན་ཤེས་རབ་སྐྱངས། སློབ་དཔོན་ཞི་བ་སྙིང་པོ། ཤ་ཀུ་ལ་མི་ཏྲ། བདེ་བའི་རྡོ་རྗེ། ཤྲདྡྷ་ཀཱ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བླ་མ་བྲག་སྟེངས་པ། མལ་ལོ་ཙཱ་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ་ཆེན་པོ། འཕགས་པ་རིན་པོ་ཆེ། ཞང་དཀོན་དཔལ། ན་བཟའ་བྲག་ཕུག་པ།