[A:3a]བླ་མ་ཚད་ལྡན་ལ།།
ལམ་གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ།།
དབང་ཡོངས་རྫོགས་རྗེས་གནང་དུ་མ་དང༌།།
ལྷ་བསྙེན་བསྒྲུབ་སོགས་ཀྱི་བཀའ་ཆོས་གསན།།
རིགས་མཐོ་བའི་གཞན་དབང་ལྟར་སྣང་གིས།།
དུས་རེ་ཤིག་འཇིག་རྟེན་ཚུལ་སྒོ་བསྟུན།།
དཔལ་བྱ་ས་ཡར་རྒྱབ་དཔོན་ཆེན་ཞེས།།
འཁོར་རྒྱལ་སྲིད་ཆོས་བཞིན་བརྩེ་བར་བསྐྱངས།།
ཡུམ་རིགས་བཟང་བཙུན་མོ་ཁབ་ཏུ་བཞེས།།
བོད་རྒྱལ་པོའི་ཕོ་བྲང་གཉིས་པ་ཡི།།
དཔལ་གོང་རི་དཀར་པོའི་རྒྱལ་ས་བསྐྱངས།།
ལར་ཕྱི་ནང་མི་མཐུན་ཟིལ་གྱིས་མནན།།
སྲིད་མངའ་རིས་རྒྱལ་ཁམས་ཆོས་ལ་སྦྱར།།
སྲས་རིགས་གསུམ་མགོན་འདྲ་བསྐྲུན་པར་མཛད།།
Teachings from Brag thog pa
རྗེ་རྡོ་རྗེ་འཆང་དབང་མི་གཟུགས་ཅན།།
ཕ་བྲག་ཐོག་ཆོས་རྗེའི་ཞབས་ལ་གཏུགས།།
ལྷ་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ།།
དཔལ་ས་སྐྱའི་འཇམ་དབྱངས་བདུན་བརྒྱུད་ཀྱི།།
བཀའ་བསྟན་པ་མ་ཚང་མེད་པ་ལ།།
དོན་གཅིག་ཏུ་བརྣགས་པའི་ཐོས་བསམ་མཛད།།
Ordination
ཆོས་མདོ་སྔགས་བཤད་སྒྲུབ་ཕྱག་ལེན་བསྐྱངས།།
དུས་དེ་ནས་མི་རིང་གྱུར་པ་ན།།
ཐུགས་ངེས་འབྱུང་རྣམ་དག་མངོན་གྱུར་ཅིང༌།།
གཞི་བྱང་ཆུབ་སེམས་ཀྱིས་ཀུན་བླངས་ནས།།
སྐྱབས་ཐུབ་དབང་བསྟན་པའི་གོ་རིམ་བཞིན།།
དཔལ་སོ་སོར་ཐར་པའི་སྡོམ་པ་རྣམས།།
རྗེ་ཐམས་ཅད་མཁྱེན་པ་བྱམས་གླིང་པ།།
ནུབ་ཁ་ཆེའི་པཎ་ཆེན་གདན་ས་སོགས།།
ལར་མཁས་བཙུན་མཁན་སློབ་ཕུན་ཚོགས་ལ།།
ཆོས་འདུལ་བའི་གཞུང་བཞིན་ནོད་པར་མཛད།།
Teachers
རྗེ་བྱམས་གླིང་ཐམས་ཅད་