R103: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོའི་རྣམ་པར་ཐར་པ་རིན་པོ་ཆེའི་འཕྲེང་པ།

  • Pagination (Witness A): 4b
[A:4b]ཕུལ།། སྟོད་གཙང་ཕྱོགས་མི་ཆེན་ཐམས་ཅད་ཀྱིས།། ཞབས་པད་མ་སྤྱིར་ཁུར་བཀའ་བཞིན་བསྒྲུབས།། དཔལ་ཞྭ་ལུསྣར་ཐང་ལ་སོགས་པའི།། སྡེ་ཆེན་པོའི་ཚོགས་པས་མཆོད་བཀུར་ཕུལ།། Visionary Experiences ཕ་རས་ཆེན་དཔལ་འབྱོར་བཟང་པོ་ལ།། ཁྲིད་ནེ་གུ་ཆོས་དྲུག་གསན་པའི་ཚེ།། ནུབ་བདེ་བ་ཅན་གྱི་ཞིང་ཁམས་གཤེགས།། མགོན་འོད་དཔག་མེད་ལ་བཀའ་ཆོས་གསན།། གནས་དེ་ན་རིན་ཆེན་སེང་གེའི་ཁྲི།། སྟོང་ལྷ་རྫས་གོས་ཀྱིས་བཀབ་པ་གཟིགས།། རྗེ་འོད་དཔག་མེད་ཀྱི་ཞལ་ནས་ཀྱང༌།། ཁྲི་འདི་ལ་ཁྱོད་ཉིད་འབྱོན་རྒྱུ་ཡིན།། ཞེས་རྒྱལ་བའི་ལུང་བསྟན་ཚད་མ་ཐོབ།། དཔལ་ཡིད་བདེ་ཚལ་གྱི་དབེན་གནས་སུ།། རྗེ་རྣལ་འབྱོར་དབང་ཕྱུག་བིརྦ་པ།། ཞལ་དངོས་སུ་གཟིགས་ནས་དེ་ཀའི་མོད།། སྐུ་སྣང་བརྙན་རི་མོར་ཕྱག་བྲིས་བཏབ།།
Disciples ཕ་རྗེ་བཙུན་ཐམས་ཅད་མཁྱེན་པ་དེའི།། ལར་མཁས་བཙུན་སྙན་པས་ཀུན་ཁྱབ་སྟེ།། འཁོན་ས་སྐྱའི་གདུང་བརྒྱུད་དྲི་མ་མེད།། རྗེ་བདག་ཆེན་བསོད་ནམས་རྒྱལ་མཚན་ཞབས།། སྐུ་མཆེད་བཅས་རྣམས་ཀྱིས་ཞབས་ལ་གཏུགས།། གསུང་དམ་པའི་ཆོས་ཀྱི་དགའ་སྟོན་བཞེས།། བོད་གངས་ཅན་དབུས་གཙང་ཁམས་གསུམ་དང༌།། ཡུལ་ཀོང་མོན་ས་མཐའི་བླ་མ་དང༌།། ཁོངམཁས་གྲུབ་དགེ་བའི་བཤེས་གཉེན་ཚོགས།། དབྱར་ཆར་སྤྲིན་མཁའ་ལ་འདུ་བ་ལྟར།། ཕྱོགས་རིས་མེད་གྲྭ་སློབ་རྒྱ་མཚོ་འདུས།། ཆོས་མདོ་སྔགས་བསྟན་པ་མ་ཚང་མེད།། རང་སོའི་བསམ་དབང་བཞིན་དུ་སྩལ།། ཡུལ་རྒྱ་གར་ཤར་ཕྱོགས་པཎྜི་ཏ།། དཔལ་ལོ་ཀོཏྟ་ར་ཞེས་བྱ་དང༌།