R1090: དབུ་མ་ལྟ་ཁྲིད། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༦ན
[A:༦ན]Colophon, ff. 6a3-7 [...]Author Colophon, f. 6a3-4 །།ཅེས་དབུ་མ་ལྟ་ཁྲིད་ཟབ་དོན་གནད་ཀྱི་ཟླ་ཟེར་འདི་ཡང་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་རིག་གིས་དཔལ་ནཱ་ལེནྡྲའི་ཆོས་སྡེ་ཆེན་པོར་སྦྱར་བའོ། འདིས་ཀྱང་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་དུ་རྒྱས་པར་གྱུར་ཅིག། Printing Colophon, f. 6a3-7 དཔལ་ལྡན་གསང་ཕུའི་གླིང་སྟོད་ནང་སོ་ནས། སྡེ་སྣོད་འཛིན་པ་ནམ་མཁའ་བརྟན་པ་ཡིས། །པར་འདི་བསྒྲུབས་ནས་ཆོས་སྦྱིན་བཏང་བའི་མཐུས། །འགྲོ་ཀུན་རྟག་ཏུ་དམ་ཆོས་འཕེལ་བར་ཤོག། །གསུང་རབ་ཀུན་ལ་ཐོས་བསམ་བྱས་ན་ཡང། །སྤྲོས་པ་ཉེར་ཞིའི་ལྟ་བ་མ་སྒོམས་ན། །འབྲས་བུ་ཆོས་སྐུ་ཐོབ་པར་མི་ནུས་པས། །ཞི་གནས་མཆོག་གིས་ལྷག་མཐོང་སྒོམ་པར་ཤོག། །བྱེ་མདོ་གཉིས་དང་ཉན་ཐོས་འཕགས་པ་ཡིས་ །རྟག་གཅིག་རང་དབང་ཅན་གྱི་གང་ཟག་བདག། །མེད་པར་རྟོགས་ནས་དགྲ་བཅོམ་ཐོབ་ན་ཡང། །རྡུལ་ཕྲན་ཆ་མེད་བདེན་པར་ཞེན་བས་བཅིངས། །སེམས་ཙམ་པ་དང་རང་རྒྱལ་འཕགས་པ་ཡིས། །ཕྱི་དོན་བདེན་མེད་རྟོགས་ནས་བསྒོམས་ན་ཡང། །ཤེས་པ་རང་རིག་རང་གསལ་བདེན་འཛིན་གྱི། །འཆིང་བས་བཅིངས་པས་དབུ་མའི་ལམ་ལས་གོལ། །དེ་ཕྱིར་རྫོགས་པའི་སངས་རྒྱས་ཐོབ་འདོད་ན། །ལྷག་པའི་ཚུལ་ཁྲིམས་འཇུག་སྡོམ་བླངས་ནས་བསྲུངས །ལྷག་པའི་ཏིང་འཛིན་ཉེས་པ་ལྔ་བྲལ་གྱིས། །ལྷག་པའི་ཤེས་རབ་དབུ་མའི་ལྟ་བས་བསྒོམས། པར་མཁན་བརྩོན་འགྲུས་བཟང་པོས་སྐོས༎ དགེ་ཞིང་སྐྲ་ཤིས་