R1110: རྡོ་རྗེ་ཕུར་བའི་དཀྱིལ་འཁོར་གྱི་ཆོ་ག་རྟོགས་པར་སླ་བ། པར་རྙིང་། མཇུག་བྱང་།

  • Pagination (Witness A): ༢༤བ
[A:༢༤བ]Colophon, ff. 24b4-25a7 Author Colophon [...]དཔལ་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི་ཆོ་ག་རྟོགས་པར་སླ་བ་ཞེས་བྱ་བ་འདི་ནི ། རིགས་གཟུགས་ཡོན་ཏན་དུ་མའི་དཔལ་གྱིས་མངོན་པར་མཐོ་བའི་སློབ་དཔོན་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཡང་དང་ཡང་དུ་བསྐུལ་བའི་ངོར། །ཨ་བ་དྷཱུ་ཏཱི་པའི་རིག་པ་འཛིན་པ་བསོད་ནམས་ཀྱིས་ རྣམ་འཕྱང་གི་ལོ་ཆུ་སྟོད་ཀྱི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་གཅིག་ལ་རྫོང་ཁའི་དབེན་གནས་སུ་སྦྱར་བའི་ཡི་གེ་པ་ནི་བློ་གྲོས་གསལ་བའི་བཙུན་པ་སྐྱོབ་པ་དཔལ་བཟང་པོ་ཞེས་བྱ་བས་བགྱིས་སོ ༎ ༎ ༎